91724

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 17:51, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སངས་རྒྱས་རྣམས་བཞུགས་པའི་ཆོས་བཅུ་ (1)
Part of speech མིང་ཚིག
Definition འཕགས་པ་སངས་རྒྱས་ཀྱི་སྟོབས་བསྐྱེད་པའི་ཆོ་འཕྲུལ་རྣམ་པར་འཕྲུལ་པ་བསྟན་པའི་མདོ་ལས་བྱུང་བ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཚེ་ཇི་ཙམ་པར་དགའ་ལྡན་ན་བཞུགས་ཤིང་ཚེ་ཟད་ནས་འཕོ་བར་བྱེད་པ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཟླ་བ་བཅུར་བཞུགས་པའི་ཚེ་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་རྣམས་མངོན་པར་འབྱུང་ཞིང་འབྱུང་བར་བཞེད་པའི་ཐུགས་ཀྱིས་བཞུགས་པ། སངས་རྒྱས་བཅོམ་ལྡན་འདས་རྣམས་བྱང་ཆུབ་ཀྱི་ཤིང་དྲུང་ན་བཞུགས་ཤིང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་ཏེ་བཞུགས་པ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྐད་ཅིག་མ་གཅིག་ལ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་མངོན་པར་རྫོགས་པར་བྱང་ཆུབ་ནས་བཞུགས་ཤིང་། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་དེ་བཞིན་གཤེགས་པ་ཐམས་ཅད་རྣམ་པར་སྤྲུལ་པར་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་རྣམས་འདུལ་བའི་དུས་ཇི་ལྟ་བ་བཞིན་དུ་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་བཞུགས་པ། སངས་རྒྱས་བཅོམ་ལྡན་འདས་དགེ་བའི་རྩ་བ་སྐྱེད་པའི་དུས་ཇི་ལྟ་བ་བཞིན་དུ་སྟོན་དེ་བརྡ་སྤྲོད་ཅིང་བཞུགས་པ། སངས་རྒྱས་བཅོམ་ལྡན་འདས་རྣམས་དུས་ཇི་ལྟ་བ་བཞིན་དུ་སངས་རྒྱས་ཀྱི་མཛད་པ་ལ་བཞུགས་པ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཡོངས་སུ་རྫོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་བརྡ་སྤྲོད་ཅིང་བཞུགས་པ། སངས་རྒྱས་བཅོམ་ལྡན་འདས་སྐད་ཅིག་ལ་སེམས་ཅན་ཐམས་ཅད་ཀྱིས་དྲི་བ་དྲིས་པ་རྣམས་སྐད་ཅིག་ལ་བརྡ་སྤྲོད་ཅིང་བཞུགས་པའོ། །
Domain ཆོས་ལུགས།