91745

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 17:51, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སངས་རྒྱས་སྲས་ཀྱི་ལྟས་བརྒྱད་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། རྣལ་འབྱོར་པ་དག་དམ་པའི་རིགས་ཀྱི་སྔོན་དུ་བྱུང་བའི་སངས་རྒྱས་ཀྱི་སྲས་ཀྱི་སྔ་ལྟས་བརྒྱད་གསུངས་ཏེ། ཀུན་འདུས་རིག་པ་ལས། སངས་རྒྱས་སྲས་ཀྱི་སྔ་ལྟས་ནི། །རྒྱལ་པོས་བཀའ་ལ་བཏགས་པ་དང༌། །བཀའ་ཡི་དབང་པོར་བསྐོས་པ་དང༌། །གཞན་ལ་དབང་སྒྱུར་བྱེད་པ་དང༌། །འཇིག་རྟེན་སྐོས་ལ་འབེབས་པ་དང༌། །གཞན་གྱི་སྡེ་པ་དབང་སྡུད་དང༌། །གཡུལ་ཆེན་དག་ལས་རྒྱལ་བ་དང༌། །བདག་ཉིད་རྒྱལ་པོར་གྱུར་པ་དང༌། །མགོ་ལ་མེ་ཏོག་སྐྱེད་པ་རྣམས། །རྒྱལ་བའི་སྲས་སུ་གྱུར་པའི་ལྟས། །ཞེས་པ་ལྟར། རྒྱལ་པོས་བཀའ་ལ་བཏགས་པ། བཀའི་དབང་པོའམ་རྒྱལ་པོའི་བློན་པོ་དབང་ཅན་དུ་བསྐོས་པ། གཞན་ལ་དབང་བསྒྱུར་བར་བྱེད་པ། འཇིག་རྟེན་པ་སྐོས་ལ་འདེབས་པ། གཞན་གྱི་སྡེ་པ་དབང་དུ་སྡུད་པ། གཡུལ་འཐབ་པ་ལས་རྒྱལ་བ། བདག་ཉིད་རྒྱལ་པོར་གྱུར་པ། མགོ་ལ་མེ་ཏོག་གི་ཐོད་སྐྱེས་པའམ་བཅིངས་པ་དང་བརྒྱད་དོ། །
Domain ཆོས་ལུགས།