92723

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 18:10, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སེམས་ཀུན་ཏུ་གནས་པའི་རྩེ་སྦྱོར་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། བྱང་སེམས་སྦྱོར་ལམ་པའི་རྒྱུད་ཀྱི་ཐབས་ཤེས་ཀྱི་རྟོགས་པ་གཉིས་ངེས་པར་བརྟན་པོར་གྱུར་ནས་སྦྱོར་ལམ་ཆོས་མཆོག་གི་ཏིང་ངེ་འཛིན་ཞིག་ལ་སེམས་ཀུན་ཏུ་གནས་པའི་རྩེ་མོའི་སྦྱོར་བ་ཞིས་ཟེར། དེ་ཐོབ་པའི་ཚུལ་ནི། པཎ་ཆེན་གྱི་ཕར་ཕྱིན་རྩ་ཊཱིཀ་ལས། གླིང་བཞི་པ་ལ་སོགས་པའི་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་རྣམས་ཀྱི་སའི་རྡུལ་རྣམས་སྲང་གྲངས་དང༌། ཆུའི་རྡུལ་རྣམས་སྐྲའི་རྩེ་མོས་བླངས་པའི་ཐིགས་པའི་གྲངས་ཀྱིས་ཚད་བཟུང་བར་ནུས་ཏེ། ཚད་སྲིད་པ་ནི་སྲང་ཚད་ཀྱིས་གཞལ་པར་ནུས་སོ་ཞེས་བྱ་བའི་ཚུལ་གྱིས་དེ་ལྟར་ནུས་པའི་ཕྱིར། སྐབས་འདིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་མངོན་པར་རྟོགས་པ་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་རིགས་ཡོངས་སུ་རྫོགས་པའི་ཏིང་ངེ་འཛིན་གྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་བསྡུས་པའི་ཏིང་ངེ་འཛིན་གྱི་མཚན་ཉིད་མདོ་ལས་བརྗོད་པ་ནི་སེམས་ཀུན་ཏུ་གནས་པ་ཆོས་མཆོག་རྩེ་སྦྱོར་ཡིན་ཏེ། འཇིག་རྟེན་གྱི་ཁམས་ཀྱི་སའི་རྡུལ་རྣམས་སྲང་གྲངས་དང་ཆུ་སྐྲའི་རྩེ་མོའི་ཐིགས་པས་གཞལ་ནུས་པ་སོ་སོར་དཔེར་མཛད་ནས་དེ་དག་ལས་བྱང་སེམས་བཞིའི་དགེ་བ་ལ་རྗེས་སུ་ཡི་རང་བའི་བསོད་ནམས་ཆེས་ཁྱད་པར་དུ་འཕགས་ཤིང་ཚད་ལས་འདས་པའི་བསོད་ནམས་མང་པོ་ཉིད་ཀྱིས་མཚོན་ནས་བསྟན་པའི་ཕྱིར། གཉིས་པ་དོན་བསྡུ་བ་ནི། རྟགས་ལ་སོགས་པ་བཞི་སོ་སོར་བསྟན་པའི་རྩེ་སྦྱོར་བཞི་པོ་དེ་དག་ནི་གོ་རིམ་བཞིན་དུ་དྲོ་བ་ལ་སོགས་པ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞིའི་ངོ་བོ་ཉིད་ཡིན་པར་ཁོང་དུ་ཆུད་པར་བྱའོ། །ཞེས་གསུངས་སོ། །
Domain ཆོས་ལུགས།
སེམས་ཀུན་ཏུ་གནས་པའི་རྩེ་སྦྱོར་ (2)
Part of speech མིང་ཚིག
Definition བསོད་ནམས་མང་པོས་མཚོན་ནས་བསྟན་པའི་ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་བཞི་པར་དམིགས་པ། སེམས་ཀུན་ཏུ་གནས་པའི་རྩེ་སྦྱོར་གྱི་མཚན་ཉིད། དེ་དང་སྦྱོར་ལམ་ཆོས་མཆོག་རྩེ་སྦྱོར་དོན་གཅིག སེམས་ཀུན་ཏུ་གནས་པའི་རྩེ་སྦྱོར་ཡིན་ན། སེམས་ཀུན་ཏུ་གནས་པའི་མ་ཁྱབ་སྟེ། དེ་ཡིན་ན། སྟོང་ཉིད་ལ་མཉམ་པར་གཞག་པའི་བློ་ཡིན་པས་མ་ཁྱབ་པའི་ཕྱིར། དེས་ན་ཆོས་མཆོག་རྩེ་སྦྱོར་ལ་སེམས་ཀུན་ཏུ་གནས་པའི་རྩེ་སྦྱོར་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཐེག་ཆེན་གྱི་སྦྱོར་ལམ་ཆོས་མཆོག་གི་ཡེ་ཤེས་དེ་སྟོང་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་གཞག་པའི་མཉམ་གཞག་དེ་ལས་མ་ལངས་པའི་ངང་ནས་ཐེག་ཆེན་གྱི་མཐོང་ལམ་དུ་འཕོ་བའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར།