92725

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 18:10, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སེམས་ཀྱི་ཀུན་ནས་ཉོན་མོངས་པའི་མཚན་ཉིད་རྣམ་པ་གསུམ་ (1)
Part of speech མིང་ཚིག
Definition འཕགས་པ་འོད་སྲུངས་ཀྱི་ལེའུ་རྒྱ་ཆེར་འགྲེལ་པ་ལས་བྱུང་བ་སྟེ། འགྲུབ་པའི་ཀུན་ནས་ཉོན་མོངས་པ། འབྱུང་བའི་ཀུན་ནས་ཉོན་མོངས་པ། རྒྱུའི་ཀུན་ནས་ཉོན་མོངས་པའོ། །
Domain ཆོས་ལུགས།
སེམས་ཀྱི་ཀུན་ནས་ཉོན་མོངས་པའི་མཚན་ཉིད་རྣམ་པ་གསུམ་ (2)
Part of speech མིང་ཚིག
Definition འགྲུབ་པ་ནི། འགྲོ་བ་རྣམས་སུ་ལུས་སྣ་ཚོགས་འགྲུབ་པ་ལས་ནི་ཀུན་ནས་ཉོན་མོངས་པ་འགྲུབ་པ་ཡིན་ནོ། །འཇུག་པ་ནི། དེ་ལྟར་འགྲུབ་པ་རང་གི་སྐད་ཅིག་གི་རྒྱུན་གྱིས་འཇུག་པ་དང༌། དམིགས་པ་ཐམས་ཅད་ལ་གཟུང་དཀའ་བར་འཇུག་པ་དང༌། སྲེད་པའི་བག་ཆགས་པས་དབང་བསྒྱུར་བས་འཇུག་པ་ལས་ནི་ཀུན་ནས་ཉོན་མོངས་པ་འཇུག་པ་ཡིན་ནོ། །རྒྱུ་བ་ནི། གང་དུ་རྒྱུ་བ་དང་ཇི་ལྟར་རྒྱུ་བ་ལས་ནི་ཀུན་ནས་ཉོན་མོངས་པ་རྒྱུ་བ་ཡིན་ཏེ། རེས་འགའ་ནི་མི་དགེ་བ་ལ། རེས་འགའ་ནི་དགེ་བ་ལ། རེས་འགའ་ནི་ཡུལ་ལ། རེས་འགའ་ནི་ལས་མངོན་པར་འདུ་བྱ་བ་ལ་སོགས་པ་ལའོ། །