92728

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 18:10, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སེམས་ཀྱི་ཁམས་མཉམ་པར་འགྱུར་བའི་ཆོས་བརྒྱད་ (1)
Part of speech མིང་ཚིག
Definition དཀོན་བརྩེགས་བུ་མོ་རྣམ་དག་དད་པས་ཞུས་པའི་ལེའུ་ལས་བྱུང་བ་སྟེ། སེམས་དང་མཚུངས་པར་འགྱུར་བའི་ཕྱིར་སེམས་ཀྱི་ཁམས་མཉམ་པ་ཉིད། སེམས་ཆུ་དང་མཚུངས་པར་འགྱུར་བའི་ཕྱིར་སེམས་ཀྱི་ཁམས་མཉམ་པ་ཉིད། སེམས་མེ་དང་མཚུངས་པར་འགྱུར་བའི་ཕྱིར་སེམས་ཀྱི་ཁམས་མཉམ་པ་ཉིད། སེམས་རླུང་དང་མཚུངས་པར་འགྱུར་བའི་ཕྱིར་སེམས་ཀྱི་ཁམས་མཉམ་པ་ཉིད། སེམས་ནམ་མཁའ་དང་མཚུངས་པར་འགྱུར་བའི་ཕྱིར་སེམས་ཀྱི་ཁམས་མཉམ་པ་ཉིད། སེམས་ཆོས་ཀྱི་དབྱིངས་དང་མཚུངས་པར་འགྱུར་བའི་ཕྱིར་སེམས་ཀྱི་ཁམས་མཉམ་པ་ཉིད། སེམས་རྣམ་པར་གྲོལ་བ་དང་མཚུངས་པར་འགྱུར་བའི་ཕྱིར་སེམས་ཀྱི་ཁམས་མཉམ་པ་ཉིད། སེམས་མྱ་ངན་ལས་འདས་པ་དང་མཚུངས་པར་འགྱུར་བའི་ཕྱིར་སེམས་ཀྱི་ཁམས་མཉམ་པ་ཉིད་དོ། །
Domain ཆོས་ལུགས།