92730
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ་སྡེའི་དབང་གི་རྒྱལ་པོ་ཞེས་བྱ་བའི་མདོ་ལས་བྱུང་བ་སྟེ། ༡ འདོད་ཆགས་ཀྱི་སེམས་ནི། ཆགས་པ་ཅན་ཆོས་ཀུན་ཏུ་སྟེན་པའོ། །༢ འདོད་ཆགས་དང་བྲལ་བའི་སེམས་ནི། འདོད་ཆགས་དང་བྲལ་བའི་ཆོས་ཀུན་ཏུ་སྟེན་པའོ། ། ༣ ཞེ་སྡང་གི་སེམས་ནི། སྡང་བས་ཆོས་ཀུན་ཏུ་སྟེན་པའོ། །༤ བྱམས་པའི་སེམས་ནི། བྱམས་པ་དང་ལྡན་པས་ཆོས་ཀུན་ཏུ་སྟེན་པའོ། །༥ གཏི་མུག་གི་སེམས་ནི། གང་མི་སྦྱོང་བར་ཆོས་སྟེན་པའོ། །༦ ཤེས་རབ་ཀྱི་སེམས་ནི། ཁྱད་པར་ལས་ཁྱད་པར་གཞན་རྟོགས་པར་བྱས་ཏེ་ཆོས་སྟེན་པའོ། །༧ གཏན་ལ་ཕབ་པའི་སེམས་ནི། བཀའ་དང་བླ་མའི་ཚིག་བཞིན་བྱེད་པའོ། །༨ ཐེ་ཚོམ་གྱི་སེམས་ནི། ཇི་ལྟར་ཡོངས་སུ་བཟུང་བ་ངེས་པ་དག་ལ་སོམ་ཉི་སྟེན་པ་ཉིད་དོ། །༩ མུན་པར་གྱུར་པའི་སེམས་ནི། སོམ་ཉི་མེད་པ་ལ་སོམ་ཉིར་ཤེས་པའོ། ། ༡༠ སྣང་བར་གྱུར་པའི་སེམས་ནི། སོམ་ཉི་མེད་པ་ལ་སོམ་ཉི་མེད་པར་སྟེན་པའོ། །༡༡ སྡུད་པའི་སེམས་ནི། དུ་མ་གཅིག་ཏུ་བྱེད་པའོ། །༡༢ འཐབ་པའི་སེམས་ནི། ཕན་ཚུན་རྩོད་པ་ཉིད་དོ། །༡༣ རྩོད་པའི་སེམས་ནི། གང་དག་བདག་ཉིད་དང་བདག་ཉིད་དུ་རྩོད་པའོ། ། ༡༤ མི་རྩོད་པའི་སེམས་ནི། མཉམ་པས་མཚུངས་པར་ལྟ་བའོ། །༡༥ ལྷའི་སེམས་ནི། ཡིད་ཀྱིས་བདག་ཉིད་ལ་རློམ་སེམས་སུ་བྱེད་པའོ། །༡༦ ལྷ་མ་ཡིན་གྱི་སེམས་ནི། གང་འཁོར་བ་ཉིད་ལ་སྨོད་པའོ། །༡༧ ཀླུའི་སེམས་ནི། གང་ལོངས་སྤྱོད་ཆེན་པོ་ཉིད་དུ་བྱ་བའི་ཕྱིར་སེམས་པའོ། །༡༨ མིའི་སེམས་ནི། དེ་ཉིད་ཀྱི་དོན་དུ་སེམས་པའོ། །༡༩ བུད་མེད་ཀྱི་སེམས་ནི། འདོད་པ་ཁོ་ནའི་ཕྱིར་ཆོས་སྟེན་པའོ། །༢༠ དབང་ཕྱུག་གི་སེམས་ནི། གང་བདག་གིས་ཐམས་ཅད་བསམ་མོ་སྙམ་དུ་རློམ་སེམས་སུ་བྱེད་པའོ། །༢༡ ཚོང་བའི་སེམས་ནི། གང་བསྡུ་བ་བྱས་ཏེ་རྣམ་པར་སྤེལ་ནས་ཕྱིས་སྟེན་པའོ། །༢༢ ཞིང་པའི་སེམས་ནི། གང་ཐོས་པ་རྣམ་པ་དུ་མ་ཚོལ་ཞིང་ཕྱིས་སྟེན་པའོ། །༢༣ ཆུ་བོའི་སེམས་ནི། གང་མཐའ་གཉིས་ལ་ལྟོས་ཤིང་སྟེན་པའོ། །༢༤ ལྟེང་གའི་སེམས་ནི། གང་སྲེད་པས་སྟེན་པའོ། །༢༥ ཁྲོན་པའི་སེམས་ནི། གང་མི་ཟབ་པ་ལ་ཟབ་པར་སེམས་པའོ། །༢༦ ཀུན་ཏུ་སྲུང་བའི་སེམས་ནི། འདི་ཉིད་བདེན་གྱི་གཞན་གཏི་མུག་གོ་སྙམ་དུ་སེམས་པའོ། །༢༧ སེར་སྣའི་སེམས་ནི། བདག་ཉིད་སྟེན་ཅིང་གཞན་ལ་མི་སྟེར་བའོ། །༢༨ བྱི་ལའི་སེམས་ནི། གང་མཆོད་པ་ལ་ལྟོས་ཏེ་སྟེན་པའོ། ། ༢༩ ཁྱིའི་སེམས་ནི། གང་ཆུང་ངུས་ཀྱང་མགུ་བར་འགྱུར་བའོ། །༣༠ ནམ་མཁའ་ལྡིང་གི་སེམས་ནི། གང་ཕྱོགས་འཛིན་པས་ཆོས་ལ་སྟེན་པའོ། །༣༡ བྱི་བའི་སེམས་ནི། བཅིངས་པ་ཐམས་ཅད་གཅད་པའི་ཕྱིར་སེམས་པའོ། །༣༢ གླུའི་སེམས་ནི། བདག་གི་དབྱངས་སྒྲ་སྣ་ཚོགས་ཀྱི་གླུས་སེམས་ཅན་རྣམས་གཟུང་བར་བྱའོ། །སྙམ་པའོ། །༣༣ གར་གྱི་སེམས་ནི། བདག་གིས་རྫུ་འཕྲུལ་སྣ་ཚོགས་གྱིས་གཞན་དག་ཡང་དག་པར་འཛིན་དུ་གཞུག་གོ་སྙམ་དུ་སེམས་པའོ། །༣༤ སིལ་སྙན་གྱི་སེམས་ནི། བདག་གིས་ཆོས་ཀྱི་རྔ་བརྡུང་ངོ་སྙམ་པའོ། ། ༣༥ ཁྱིམ་གྱི་སེམས་ནི། བདག་གི་ལུས་ཀུན་ཏུ་བསྲུང་བའི་ཕྱིར་སྟེན་པའོ། །༣༦ སེངྒེའི་སེམས་ནི། གང་ཐམས་ཅད་ཟིལ་གྱིས་གནོན་པ་སྟེན་པའོ། །༣༧ འུག་པའི་སེམས་ནི། གང་མཚན་མོ་སེམས་པའོ། །༣༨ བྱ་རོག་གི་སེམས་ནི། ཐམས་ཅད་དུ་སྐྲག་པར་སེམས་པའོ། ། ༣༩ སྲིན་པོའི་སེམས་ནི། དགེ་བས་མི་དགེ་བ་རྣམས་སྒྲུབ་པའོ། །༤༠ ཚེར་མའི་སེམས་ནི། གང་ཐམས་ཅད་དུ་འགྱོད་པ་སེམས་པའོ། །༤༡ ས་འོག་གི་སེམས་ནི། གང་ས་འོག་གི་དོན་དུ་སེམས་པའོ། །༤༢ རླུང་གི་སེམས་ནི། གང་ཐམས་ཅད་དུ་ཐམས་ཅད་སྒྲུབ་པའོ། ། ༤༥ ཆུའི་སེམས་ནི། གང་མི་དགེ་བ་ཐམས་ཅད་བཀྲུ་བའི་ཕྱིར་སྟེན་པའོ། །༤༤ མེའི་སེམས་ནི། གང་དཀའ་ཐུབ་ཉིད་ཀྱིས་གདུང་བར་བྱེད་པའོ། །༤༥ འདམ་གྱི་སེམས་ནི། གང་བདག་གི་ཉེས་པས་གཞན་ལ་སྐུད་པའོ། །༤༦ རྙོག་པའི་སེམས་ནི། གང་ཕ་རོལ་གྱི་ཉེས་པ་འཛིན་པས་སེམས་ལ་རྙོག་པ་སྐྱེད་པའོ། །༤༧ ཚོན་རྩིའི་སེམས་ནི། གང་དེ་ལ་ཆགས་པ་ཉིད་དུ་སྟེན་པའོ། །༤༨ ཤིང་ལེབ་ཀྱི་སེམས་ནི། གང་དགེ་བ་གཞན་སྤོང་བས་སྟེན་པའོ། །༤༩ ནོར་བའི་སེམས་ནི། གཞན་བཟུང་ཞིང་གཞན་ཁོ་ནར་སེམས་པའོ། །༥༠ དུག་གི་སེམས་ནི། གང་ཤིན་ཏུ་དངོས་པོ་མེད་པ་ཉིད་སེམས་པའོ། །༥༡ ཞགས་པའི་སེམས་ནི། གང་ཐམས་ཅད་དུ་བདག་ཉིད་བཅིངས་ཤིང་འདུག་པའོ། །༥༢ ལྕགས་སྒྲོག་གི་སེམས་ནི། གང་རྐང་པ་གཉིས་ལ་འདུག་སྟེ་སེམས་པའོ། །༥༣ སྤྲིན་གྱི་སེམས་ནི། གང་ཆུ་དག་ལ་སེམས་པའོ། ། ༥༤ ཞིང་གི་སེམས་ནི། རང་གི་ལུས་ཉིད་ཡོངས་སུ་སྦྱོང་པར་བྱེད་པའོ། །༥༥ ལན་ཚྭའི་སེམས་ནི། གང་ཞིག་གང་གིས་སེམས་པར་བྱེད་པ་དེ་ལ་ཡང་སེམས་པའོ། །༥༦ སྤུ་གྲའི་སེམས་ནི། གང་རབ་ཏུ་བྱུང་བ་ཙམ་ལ་སྟེན་པའོ། །༥༧ རི་རབ་ལྟ་བུའི་སེམས་ནི། གང་མཐོ་བར་གྱུར་ནས་སེམས་པའོ། །༥༧ རྒྱ་མཚོ་ལྟ་བུའི་སེམས་ནི། གང་རང་གི་ལུས་ཉིད་ལ་མཆོག་ཏུ་འཛིན་ཅིང་འདུག་པའོ། །༥༩ ཕུག་ལྟ་བུའི་སེམས་ནི། གང་སྔར་ངེས་པར་གྱུར་ལ་ཕྱིས་དེ་ཉིད་ཀྱི་འགྱུར་བ་སྟེན་པའོ། །༦༠ སྐྱེ་བར་འགྱུར་བའི་སེམས་ནི། གང་གི་སེམས་འདུ་བྱེད་གང་ཁོ་ན་སྐྱེས་པ་དེ་ཁོ་ན་དང་ལྷན་ཅིག་ཏུ་འགྲོ་བའོ། ། |
Domain | ཆོས་ལུགས། |
{{#arraymap:སེམས་ཀྱི་ཁྱད་པར་གྱི་མཚན་ཉིད་དྲུག་ཅུ་
|; |@@@ | | }}