92737

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 18:10, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སེམས་ཀྱི་ཐ་སྙད་བརྒྱ་དང་བརྒྱད་ཅུ་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པར། སེམས་ངོ་བོའི་ཆ་ནས་རྡོ་རྗེ་སེམས་དཔའི་རང་བྱུང་གི་ཡེ་ཤེས་སུ་གཅིག་ཀྱང་ཆོས་ཅན་གྱི་ཆ་ནས་བརྒྱ་དང་བརྒྱད་ཅུ་སྟེ། ༡ ཆགས་པའི་སེམས། ༢ ཆགས་པ་མེད་པའི་སེམས། ༣ ཞེ་སྡང་གི་སེམས། ༤ བྱམས་པའི་སེམས། ༥ གཏི་མུག་གི་སེམས། ༦ ཤེས་རབ་ཆེན་པོའི་སེམས། ༧ ཐེ་ཚོམ་གྱི་སེམས། ༨ ངེས་པའི་སེམས། ༩ མུན་པའི་སེམས། ༡༠ སྣང་བའི་སེམས། ༡༡ ང་རྒྱལ་གྱི་སེམས། ༡༢ ཕྲག་དོག་གི་སེམས། ༡༣ བསྡུ་བའི་སེམས། ༡༤ སྤྲོ་བའི་སེམས། ༡༥ འབྱེད་པའི་སེམས། ༡༦ འཁྲུག་པའི་སེམས། ༡༧ ཞི་བའི་སེམས། ༡༨ འཐབ་པའི་སེམས། ༡༩ འཇར་བའི་སེམས། ༢༠ རྩོད་པའི་སེམས། ༢༡ མཐུན་པའི་སེམས། ༢༢ བརྗོད་པའི་སེམས། ༢༣ བརྗོད་པ་མེད་པའི་སེམས། ༢༤ ལྷའི་སེམས། ༢༥ ཀླུའི་སེམས། ༢༦ བདུད་ཀྱི་སེམས། ༢༧ ལྷ་མ་ཡིན་གྱི་སེམས། ༢༨ གནོད་སྦྱིན་གྱི་སེམས། ༢༩ མིའི་སེམས། ༣༠ ལྟོ་འཕྱེའི་སེམས། ༣༡ འབྱུང་པོའི་སེམས། ༣༢ ནམ་མཁའ་ལྡིང་གི་སེམས། ༣༣ དྲི་ཟའི་སེམས། ༣༤ གྲུལ་བུམ་གྱི་སེམས། ༣༥ སྐྱེས་པའི་སེམས། ༣༦ བུད་མེད་ཀྱི་སེམས། ༣༧ མ་ནིང་གི་སེམས། ༣༨ བདག་གི་སེམས། ༣༩ གཞན་གྱི་སེམས། ༤༠ ཕའི་སེམས། ༤༡ མའི་སེམས། ༤༢ བུའི་སེམས། ༤༣ ཕུ་ནུའི་སེམས། ༤༤ དགྲ་བོའི་སེམས། ༤༥ དབང་ཕྱུག་གི་སེམས། ༤༦ ཚངས་པའི་སེམས། ༤༧ གཏོགས་འདོད་ཀྱི་སེམས། ༤༨ དབང་པོའི་སེམས། ༤༩ ཚོགས་བདག་གི་སེམས། ༥༠ ཀུན་དུ་རྒྱུ་བའི་སེམས། ༥༡ ཚོང་པའི་སེམས། ༥༢ ཞིང་པའི་སེམས། ༥༣ ཆུ་བོ་ལྟ་བུའི་སེམས། ༥༤ ལྟེང་ཀ་ལྟ་བུའི་སེམས། ༥༥ ཁྲོན་པ་ལྟ་བུའི་སེམས། ༥༦ བཀོད་པ་ལྟ་བུའི་སེམས། ༥༧ འཁོར་ལོ་ལྟ་བུའི་སེམས། ༥༨ ཟོ་ཆུན་ལྟ་བུའི་སེམས། ༥༩ བསྐོལ་ཆུ་ལྟ་བུའི་སེམས། ༦༠ གསེར་ཆུ་ལྟ་བུའི་སེམས། ༦༡ ཀུན་ཏུ་བསྲུང་བའི་སེམས། ༦༢ སེར་སྣ་ལྟ་བུའི་སེམས། ༦༣ གཏོང་བ་ལྟ་བུའི་སེམས། ༦༤ བྱི་ལ་ལྟ་བུའི་སེམས། ༦༥ ལྕེ་འབབ་པ་ལྟ་བུའི་སེམས། ༦༦ གློག་ལྟ་བུའི་སེམས། ༦༧ སྤྲིན་ལྟ་བུའི་སེམས། ༦༨ བྱི་བ་ལྟ་བུའི་སེམས། ༦༩ ཁྱི་ལྟ་བུའི་སེམས། ༧༠ གླུ་ལྟ་བུའི་སེམས། ༧༡ གར་ལྟ་བུའི་སེམས། ༧༢ སིལ་སྙན་ལྟ་བུའི་སེམས། ༧༣ རྨ་བྱ་ལྟ་བུའི་སེམས། ༧༤ རྔ་སྒྲ་ལྟ་བུའི་སེམས། ༧༥ དུས་ཀྱི་འབྲུག་སྒྲ་ལྟ་བུའི་སེམས། ༧༦ སེང་གེ་ལྟ་བུའི་སེམས། ༧༧ བུང་བ་ལྟ་བུའི་སེམས། ༧༨ སྦྲང་མ་ལྟ་བུའི་སེམས། ༧༩ ཆུ་སྲིན་ལྟ་བུའི་སེམས། ༨༠ རུས་སྦལ་ལྟ་བུའི་སེམས། ༨༡ སྤྲུལ་པ་ལྟ་བུའི་སེམས། ༨༢ མ་ཧེ་ལྟ་བུའི་སེམས། ༨༣ འུག་པ་ལྟ་བུའི་སེམས། ༨༤ སྤྲེའུ་ལྟ་བུའི་སེམས། ༨༥ བྱ་རོག་ལྟ་བུའི་སེམས། ༨༦ རྟ་ལྟ་བུའི་སེམས། ༨༧ བཞད་ལྟ་བུའི་སེམས། ༨༨ ཀང་ཀ་ལྟ་བུའི་སེམས། ༨༩ སྤྱང་ཀིའི་སེམས། ༩༠ ཝའི་སེམས། ༩༡ གླང་པོ་ལྟ་བུའི་སེམས། ༩༢ ལུག་ལྟ་བུའི་སེམས། ༩༣ ཁྲ་ལྟ་བུའི་སེམས། ༩༤ ཁྱིམ་གྱི་སེམས། ༩༥ ཁྱིམ་མེད་པའི་སེམས། ༩༦ ཐར་པའི་སེམས། ༩༧ མ་ཐར་པའི་སེམས། ༩༨ སྲིན་པོའི་སེམས། ༩༩ མི་རྒོད་ཀྱི་སེམས། ༡༠༠ ན་ཆུང་གི་སེམས། ༡༠༡ རྒྱལ་པོའི་སེམས། ༡༠༢ སྨད་འཚོང་མའི་སེམས། ༡༠༣ འཕྱོན་མའི་སེམས། ༡༠༤ བྲམ་ཟེའི་སེམས། ༡༠༥ ཤེན་པའི་སེམས། ༡༠༦ ཡི་དྭགས་ཀྱི་སེམས། ༡༠༧ དམྱལ་བའི་སེམས། ༡༠༨ ཚེར་མའི་སེམས། ༡༠༩ ཤིང་བལ་གྱི་སེམས། ༡༡༠ ས་འོག་གི་སེམས། ༡༡༡ ནམ་མཁའི་སེམས། ༡༡༢ དྲྭ་བའི་སེམས། ༡༡༣ རྒྱའི་སེམས། ༡༡༤ ཞགས་པའི་སེམས། ༡༡༥ ལིག་རིའི་སེམས། ༡༡༦ ལྕགས་ཀྱུའི་སེམས། ༡༡༧ ཐོ་བའི་སེམས། ༡༡༨ ཇུ་ཐུར་གྱི་སེམས། ༡༡༩ སྣོད་ཀྱི་སེམས། ༡༢༠ ཁྲི་མོན་གྱི་སེམས། ༡༢༡ མེ་ལྕེའི་སེམས། ༡༢༢ ཐུ་ལུམ་གྱི་སེམས། ༡༢༣ མར་མེའི་སེམས། ༡༢༤ ཉི་མའི་སེམས། ༡༢༥ ཟླ་བའི་སེམས། ༡༢༦ དངུལ་གྱི་སེམས། ༡༢༧ གསེར་གྱི་སེམས། ༡༢༨ མེ་སྟག་གི་སེམས། ༡༢༩ རླུང་གི་སེམས། ༡༣༠ ཆུའི་སེམས། ༡༣༡ མདུང་ཤིང་གི་སེམས། ༡༣༢ གཏུན་ཤིང་གི་སེམས། ༡༣༣ སྒོའི་སེམས། ༡༣༤ ཤིང་ལེབ་ཀྱི་སེམས། ༡༣༥ མེའི་སེམས། ༡༣༦ སའི་སེམས། ༡༣༧ འདམ་གྱི་སེམས། ༡༣༨ རྙོག་ཆུའི་སེམས། ༡༣༩ ཚོན་རྩིའི་སེམས། ༡༤༠ ནོར་བུའི་སེམས། ༡༤༡ དུག་གི་སེམས། ༡༤༢ སྨན་གྱི་སེམས། ༡༤༣ ཁ་ཟས་ཀྱི་སེམས། ༡༤༤ ཆུ་དོང་གི་སེམས། ༡༤༥ མདའི་སེམས། ༡༤༦ རལ་གྲིའི་སེམས། ༡༤༧ འཁོར་ལོའི་སེམས། ༡༤༨ གཞུའི་སེམས། ༡༤༩ སྒྲོག་གི་སེམས། ༡༥༠ ཤིང་གི་སེམས། ༡༥༡ ལན་ཚྭའི་སེམས། ༡༥༢ སྤུ་གྲིའི་སེམས། ༡༥༣ ཐིག་གི་སེམས། ༡༥༤ རྡོ་རྗེའི་སེམས། ༡༥༥ རི་རབ་ཀྱི་སེམས། ༡༥༦ རྒྱ་མཚོའི་སེམས། ༡༥༧ ཕ་བོང་གི་སེམས། ༡༥༨ ཞང་གི་སེམས། ༡༥༩ ཕུག་གི་སེམས། ༡༦༠ སྐྱེ་བའི་སེམས། ༡༦༡ མེ་ཏོག་གི་སེམས། ༡༦༢ འབྲས་བུའི་སེམས། ༡༦༣ རྩ་བའི་སེམས། ༡༦༤ ཡལ་གའི་སེམས། ༡༦༥ སྡོང་བུའི་སེམས། ༡༦༦ མངར་བའི་སེམས། ༡༦༧ ཁ་བའི་སེམས། ༡༦༨ སྐྱུར་བའི་སེམས། ༡༦༩ ཚ་བའི་སེམས། ༡༧༠ སླ་བའམ་བླེག་པའི་སེམས། ༡༧༡ བསྐ་བའི་སེམས། ༡༧༢ ཡི་གེའི་སེམས། ༡༧༣ ཚ་ཚའི་སེམས། ༡༧༤ ལྡེ་མིག་གི་སེམས། ༡༧༥ བྱ་གག་ལྟ་བུའི་སེམས། ༡༧༦ ཀུན་དགའ་ར་བ་ལྟ་བུའི་སེམས། ༡༧༧ དབྱར་སྤྲིན་ལྟ་བུའི་སེམས། ༡༧༨ མེ་ལོང་ལྟ་བུའི་སེམས། ༡༧༩ ཏིལ་གྱི་མར་ཁུ་ལྟ་བུའི་སེམས། ༡༨༠ དགུན་ཆང་ལྟ་བུའི་སེམས་བཅས་སོ། །
Domain ཆོས་ལུགས།

{{#arraymap:སེམས་ཀྱི་ཐ་སྙད་བརྒྱ་དང་བརྒྱད་ཅུ་

|; |@@@ | | }}