92759
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། སེམས་ཀྱི་རྗེས་འཇུག་གཏན་ལ་དབབ་པ་ནི་སེམས་ལས་བྱུང་བ་རྣམས་དང། བསམ་གཏན་དང་ཟག་མེད་དེ་སྡོམ་པ་གཉིས་དང་སེམས་དང་སེམས་བྱུང་དང་སྡོམ་པ་གཉིས་པོ་དེ་དག་གི་མཚན་ཉིད་སྐྱེ་བ་ལ་སོགས་པ་བཞི་ནི་སེམས་ཀྱི་རྗེས་འཇུག་གོ ། དེར་འཇོག་པའི་རྒྱུ་ཡང་དུས་ལས་ནི་སེམས་དང་ལྷན་ཅིག་སྐྱེ་བ་དང། གནས་པ་དང་། འགག་པ་གཅིག་པ་དང། དེ་དག་མི་གཅིག་ཀྱང་དུས་ཙམ་དུ་གཅིག་པ་སྟེ། མི་སྐྱེ་བའི་ཆོས་ཅན་གྱི་སེམས་དང་དེའི་རྗེས་སུ་འཇུག་པ་རྣམས་ད་ལྟར་དུ་མི་སྐྱེ་བའི་ཕྱིར། སྐྱེ་འགག་གནས་གསུམ་མི་གཅིག་ཀྱང་དུས་ཙམ་དུ་གཅིག་པའི་ཕྱིར་རོ་ཞེས་མཆིམས་བློ་བཟང་གྲགས་ཀྱི་ཆོས་མངོན་པ་གསལ་བྱེད་ལེགས་པར་བཤད་པའི་རྒྱ་མཚོ་ལས་སོ། ། སེམས་ཀྱི་རྗེས་འཇུག་ནི་སེམས་བྱུང་ཐམས་ཅད་དང་བསམ་གཏན་ཟག་མེད་ཀྱི་སྡོམ་པ་གཉིས་དང། སེམས་སེམས་བྱུང་སོགས་ཀྱི་མཚན་ཉིད་སྐྱེ་སོགས་རྣམས་ཡིན་ཏེ། དེ་དག་རང་རྗེས་འཇུག་ཏུ་བྱེད་པའི་གཙོ་བོ་སེམས་དང་དུས་གཅིག་པ་དང། འབྲས་བུ་སྐྱེས་བུ་བྱེད་འབྲས་སོགས་གང་ཡིན་དང། ངོ་བོ་དགེ་མི་དགེ་གང་ཡིན་སོགས་ངོ་བོ་གཅིག་པས་སོ། །དེ་ཡང་གཙོ་བོ་སེམས་དེ་སྐྱེས་བུའི་བྱེད་འབྲས་སམ་རྒྱུ་མཐུན་ནམ། རྣམ་སྨིན་གྱི་འབྲས་བུ་ཡིན་ན། དེའི་རྗེས་འཇུག་ཀྱང་འབྲས་བུ་དེ་དང་དེ་ཡིན་པ་དང། གཙོ་བོ་སེམས་དེ་དགེ་བ་སོགས་དེ་དང་དེ་ཡིན་ན་དེའི་རྗེས་འཇུག་ཀྱང་དགེ་བ་སོགས་དང་དེ་ཡིན་པས་ཤེས་པར་བྱའོ་ཞེས་པཎ་ཆེན་ངག་ཆོས་ཀྱི་དམ་པའི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ལས་སོ། ། |
| Domain | ཆོས་ལུགས། |