92768

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 18:10, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སེམས་ཀྱི་ས་མང་ (1)
Part of speech མིང་ཚིག
Definition མདོ། མངོན་པ། ཚོར་བ་ནས་ཏིང་ངེ་འཛིན་གྱི་བར་བཅུ་པོ་དེ་གཙོ་བོ་སེམས་ཐམས་ཅད་ཀྱི་འཁོར་དུ་འབྱུང་སྟེ། སེམས་ཡིན་ན། རང་གི་འཁོར་དུ་དེ་བཅུ་འབྱུང་བས་ཁྱབ་པའི་ཕྱིར་ཏེ། རང་འགྲེལ་ལས། ཆོས་བཅུ་པོ་འདི་དག་ནི་སེམས་ཀྱི་སྐད་ཅིག་མ་ཐམས་ཅད་ལ་ཚོགས་པར་འབྱུང་ངོ་ཞེས་གྲག་གོ་ལོ། ཞེས་གསུངས་པའི་ཕྱིར། གལ་ཏེ་ཤེས་རབ་དང་ཏིང་ངེ་འཛིན་སོགས་སེམས་ཅན་ཐམས་ཅད་ལ་འབྱུང་ན་ཐོས་བསམས་དང་སྒོམ་པ་སོགས་དོན་མེད་པར་འགྱུར་རོ་ཞེ་ན། མི་འགྱུར་ཏེ། སེམས་ཐམས་ཅད་ཀྱི་འཁོར་དུ་འབྱུང་བའི་ཤེས་རབ་ལ་སོགས་པ་ནི་ཁྱད་པར་ཅན་མ་ཡིན་ལ། ཐོས་པ་ལ་སོགས་པ་ལ་འབད་པ་ནི་དེ་དག་ཁྱད་པར་ཅན་ཐོབ་པའི་ཕྱིར་དུ་ཡིན་པའི་ཕྱིར།
Domain ཆོས་ལུགས།