92782
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། བོན། མ་དག་ཁྱིམ་པའི་སེམས་ལ་དྲན་ཚུལ་ལྟར་རང་ཕྱོགས་ལ་ཆགས་པ་དང་གཞན་ཕྱོགས་ལ་སྡང་བ་མི་བསམ་ཞིང་། དག་པ་དྲང་སྲོང་གི་སེམས་ལྟར་དུས་ངེས་མེད་དུ་སྙིང་རྗེ་ཚད་མེད་ལ་སོགས་སེམས་བསྐྱེད་པ་ལྟར། གཞན་ལ་གནོད་པ་མི་བྱེད་པའི་ཕན་སེམས་འཆང་བ་དང་། མ་དག་འཁོར་བའི་ལས་སྤྱོད་ལ་ཞེན་པ་ལོག་ཤིང་། རྣམ་དག་འདུལ་བའི་ནང་ཁྲིམས་མ་ཉམས་པ་བསྲུང་བའི་དོན་ལ་གནས་པ་སྟེ། །(ཕལ་ཆེན་སྡོམ་བྱེད་དམ་པའི་རྒྱུད)་ལས། སེམས་ཀྱི་སྡོམ་སྲུང་དྲང་སྲོང་སེམས། ཞེ་བཅད་འདུལ་འཛིན་འདུལ་བའི་ཐ་རམས་ཆུག ཅེས་གསུངས་སོ། ། |
| Domain | ཆོས་ལུགས། |