93048
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཕལ་ཆེན་ལེའུ་ཞེ་གསུམ་པ་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པ་ལས་བྱུང་བ་སྟེ། ༡ འདི་ལྟར་གཏང་བ་ཐམས་ཅད་ཡོངས་སུ་གཏོང་ཞིང་། སྦྱིན་པ་ཐམས་ཅད་སྦྱིན་པར་བྱེད་པས་སེམས་བསྐྱེད་པ་མི་སྒུལ་བ། ༢ སངས་རྒྱས་ཀྱི་ཆོས་ཐམས་ཅད་ངེས་པར་རྟོགས་པར་གཞག་པ་ལ་སེམས་བསྐྱེད་པ་མི་སྒུལ་བ། ༣ སངས་རྒྱས་ཐམས་ཅད་ལ་མཆོད་ཅིང་རིམ་གྲོ་བྱ་བའི་ཡིད་ལ་བྱ་བ་མང་བས་སེམས་བསྐྱེད་པ་མི་སྒུལ་བ། ༤ སེམས་ཅན་ཐམས་ཅད་ཀྱིས་མི་འཁྲུགས་པས་སེམས་བསྐྱེད་པ་མི་སྒུལ་བ། ༥ འགྲོ་བ་ཐམས་ཅད་ཡོངས་སུ་མི་གཏོང་བས་སེམས་བསྐྱེད་པ་མི་སྒུལ་བ། ༦ སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱིས་མི་འཁྲུགས་པས་སེམས་བསྐྱེད་པ་མི་སྒུལ་བ། ༧ སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་མཉམ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པར་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པས་ཞུམ་པར་མི་འགྱུར། སྒྱིད་ལུག་པར་མི་འགྱུར་ཞིང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལས་ཕྱིར་མི་ལྡོག་པས་སེམས་བསྐྱེད་པ་མི་སྒུལ་བ། ༨ གཞན་ཡང་བྱང་ཆུབ་སེམས་དཔའ་དད་པ་རྟིང་ཚུགས་པ་དང་། རྙོག་པ་མེད་ཅིང་དག་པ་དང་། རྣམ་པར་དག་པ་དྲི་མ་མེད་པ་འོད་དང་བས། སངས་རྒྱས་ཐམས་ཅད་བསྙེན་བཀུར་བ་ལ་བརྩོན་པ་ཕྱིར་མི་ལྡོག་པ། མི་ཟད་པ། མི་འཕྲོགས་པ། དགའ་བ། སྤྲོ་བ། མོས་པ་ཆེན་པོས་བྱུང་བ་དང་ལྡན་པས་སེམས་བསྐྱེད་པ་མི་སྒུལ་བ། ༩ ཐམས་ཅད་མཁྱེན་པར་སྦྱོར་ཞིང་འགྱུར་བའི་ལམ་ལ་ཤིན་ཏུ་གྲུབ་པས་སེམས་བསྐྱེད་པ་མི་སྒུལ་བ། ༡༠ བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། གདམས་ངག་དང་། མན་ངག་དང་། བསླབ་པ་ཐམས་ཅད་གཟུང་ཞིང་མཉན་པར་ཡོངས་སུ་མི་སྤོང་ཞིང་མོས་པར་བྱ་བ་ལ་སེམས་བསྐྱེད་པ་མི་སྒུལ་པའོ། ། |
Domain | ཆོས་ལུགས། |
{{#arraymap:སེམས་བསྐྱེད་པ་མི་སྒུལ་བ་བཅུ་
|; |@@@ | | }}