93222

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 18:19, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སེར་ (1)
Part of speech རྒྱན་ཚིག
Definition སེར་པོའི་བསྡུས་ཚིག་སྟེ། སྒོང་ངའི་དཀྱིལ་སྙིང་དང་གསེར་གྱི་མདོག་ལྟ་བུའི་ཁ་དོག
Example སྔོ་སེར་དཀར་དམར་བཞི། དམར་སེར་གཉིས་ཀ་ལྟ་བུ།
སེར་ (1)
Part of speech བྱ་ཚིག
Definition སེར་སྣ་བྱེད་པའི་དོན།
Example རྟ་ལ་མི་སེར་སྒ་ལ་སེར་ལྟ་བུ།
Type ཡུལ་སྐད།
Transitive བྱ་བྱེད་ཐ་མི་དད་པ།
Verb Form གཟུགས་མི་འགྱུར་བ།
སེར་ (1)
Part of speech མིང་ཚིག
Definition སེར་བ་ཡི་བསྡུས་ཚིག་སྟེ། ནམ་མཁའ་ནས་ཆར་བ་འཁྱགས་པ་རུ་གྱུར་ནས་འབབ་པའི་འཁྱགས་རིལ།
Example སེར་སྲུང་མཁན། སེར་སྲུང་བྱོས། སེར་ཁང་ལྟ་བུ།
སེར་ (2)
Part of speech མིང་ཚིག
Definition སེར་མོ་ཡི་བསྡུས་ཚིག་སྟེ། རབ་བྱུང་ངམ་གྲྭ་པའི་དོན།
Example སྐྱ་སེར་གཉིས་ཀ་ཕེབས་ནས་གཏམ་བཤད། སྐྱ་སེར་གཉིས་ཀྱིས་མཉམ་རུབ་བྱོས་ལྟ་བུ།
སེར་ (3)
Part of speech མིང་ཚིག
Definition ཞིང་ཁའི་ས་རླན་གྱི་དོན།
Example ཞིང་ལ་སེར་ཡོད། ཤལ་བརྒྱབ་ནས་ཞིང་གི་སེར་བསྲུངས་ལྟ་བུ།