93337

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 18:21, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སོ་ (1)
Part of speech མིང་ཚིག
Definition མི་དང་སྲོག་ཆགས་སོགས་ཀྱི་ཟས་ལྡད་བྱེད་ཀྱི་ཁ་ནང་གི་རུས་པ་དཀར་པོ།
Keyword True
Example དུང་སོ་སུམ་ཅུ་ཁ་ལ་འཁོར། ཁྱིས་སོ་བརྒྱབ་ནས་རྨས། རུས་པ་སོ་ཡིས་མི་ཆོད་ལྟ་བུ།
སོ་ (2)
Part of speech མིང་ཚིག
Definition གྲི་སོགས་ཀྱི་ཁའི་རྣོ་ཡོད་སའི་ཕྱོགས།
Example གྲི་སོ་རྣོན་པོ། སྟར་སོ་བརྡར་བ། སྨྱུག་སོ་གཏུབས་པ་ལྟ་བུ།
སོ་ (3)
Part of speech མིང་ཚིག
Definition ལོགས་སམ་མཐའི་དོན།
Example གད་པའི་ཁ་སོ། གྱང་གི་ཁ་སོ། སྒམ་གྱི་ཁ་སོ་ལྟ་བུ།
སོ་ (4)
Part of speech མིང་ཚིག
Definition གྲངས་ཀ་སོ་གཉིས་ཏེ། སོ་ལ་གྲངས་སུམ་ཅུ་སོ་གཉིས་ཡོད་པས་དེ་ལྟར་བཏགས།
Type མངོན་བརྗོད།
སོ་ (1)
Part of speech ཚབ་ཚིག
Definition གཅིག་ནས་དགུའི་བར་གྱི་གྲངས་ཚིག་གི་གོང་དུ་སྦྱར་ན་སུམ་ཅུ་མཚོན་པའི་ཚབ་ཚིག་ཅིག
Keyword True
Example སོ་གཅིག སོ་གཉིས། སོ་གསུམ། སོ་བརྒྱད། སོ་དགུ་ལྟ་བུ།
སོ་ (1)
Part of speech ཕྲད་ཚིག
Definition རྫོགས་ཚིག་གི་ཕྲད་བཅུ་གཅིག་གི་བཅུ་པ་སྟེ། སྦྱོར་ཚུལ་རྗེས་འཇུག་དང་ཡང་འཇུག་ས་ཡིག་གི་མཐར་སོ་སྦྱར་དགོས།
Keyword True
Example གཏམ་བཤད་པ་རྫོགས་སོ། དཀར་ཡོལ་གས་སོ། ཆར་བ་བབས་སོ། ངས་དེ་བསམས་སོ་ལྟ་བུ།