93436

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 18:23, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སོ་མ་ར་ཛ་ (1)
Part of speech མིང་ཚིག
Definition ལོ་མང་སྐྱེ་བའི་རྩི་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་སེར་སྐྱ་ཕྲ་རིང་བར་རྩྭ་ཕྲན་ཡོད་པ་དང་སྡོང་པོ་ལྗང་སྨུག་སྦོམ་ཕྲ་མཛུབ་མོ་ཙམ་པ་རིང་ཞིང་འདྲོང་བའི་སྟོད་ཆའི་ལོ་མའི་མཚམས་ནས་ཡལ་ག་ཁ་སྤྲོད་རེ་གྱེས། ལོ་མ་ལྗང་སེར་ཅུང་ཙམ་མཐུག་པར་སྦར་དབྱིབས་ལྟར་གྱི་ཉག་ཆེན་ལྔ་རེ་ཡོད་པ་རྩེ་རྣོ་ལ་རྒྱབ་ཅུང་སྐྱ། ཉག་ཆེན་གྱི་མཐར་ཉག་ཆུང་ཞིབ་ཅིང་སོག་ལེའི་སོ་འདྲ་ཡོད་ལ་རྩ་རིས་འབུར་ལ་གསལ་ཞིང་དྲ་བ་ལྟར་གྱེས་པ། ལོ་མའི་རྒྱབ་མདུན་ལ་སྤུ་སེར་ཐུང་ངུ་ཐོང་ཡོད་ཅིང་ངར་ཕྲ་ལ་རིང་བ་ཁ་སྤྲོད་བྱས་ཏེ་སྐྱེས་ཡོད། མེ་ཏོག་སྨུག་པོ་སྦུབ་མདོང་ཐང་ཕྲོམ་མེ་ཏོག་གི་དབྱིབས་འདྲ་བའི་ངར་བ་ཕྲ་ལ་རིང་བ་དེ་ཡལ་ག་དང་ལོ་མ་གྱེས་མཚམས་ནས་ཁ་སྤྲོད་དུ་འཆར། གང་བུ་ལྗང་སེར་འཇོང་བ་ཨ་རུ་རའི་དབྱིབས་ཅན་ལ་ཟུར་ལྔ་དང་ལྡན་པ་སྤུ་སེར་པོ་ཐུང་ལ་མཐུག་པོས་ཁྱབ་པའི་ནང་འབྲུ་གུ་རྫ་མདོག་མཁལ་མའི་དབྱིབས་ཅན་ལ་རི་མོ་གསལ་ཞིང་གླ་རྩིའི་དྲི་འཐུལ་བ་ཆེ་ཆུང་ངྷ་ངྷུ་རའི་འབྲུ་ཙམ་གྱིས་ཁེངས་ཡོད།
Foreign རྒྱ་གར།
Domain གསོ་རིག