93471
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཁོ་བ་ཕུག་པ་དང་སོ་རག་མཁར་པ་སོགས་ལས་གདམས་པ་མང་དུ་ཞུས་ཞིང་གྲུབ་པའི་གོ་འཕངས་མཐོན་པོར་གཤེགས། ཁོང་གི་སྐུ་དུས་སུ་སོ་རག་དགོན་(འདི་ནི་ནང་ཆེན་རྫོང་སྤྲེལ་ཚ་ཤང་གི་མངའ་ཁུངས་སུ་ཆགས་ཤུལ་མཇལ་དུ་ཡོད)དར་རྒྱས་ཧ་ཅང་ཆེན་པོ་བྱུང་། འཚམས་ལ་གནས་པ་གཅིག་པུ་ལ་ཡང་ལྔ་རྒྱ་ཙམ་ཡོད། འཁྲུངས་འདས་སོགས་རྣམ་ཐར་གསལ་པོ་མི་སྣང་། ཁོང་གི་མཛད་ཆོས། ད་ལྟ་མཇལ་དུ་ཡོད་པ་ནི། དཔལ་ལྡན་འབའ་རོམ་པའི་བརྒྱུད་པ་གསེར་རི་ཕྲེང་བ་རྣམ་ཐར་ཡོན་ཏན་རྒྱ་མཚོའི་གཏེར་མཛོད། འབའ་རོམ་གསེར་ཕྲེང་གི་རྣམ་ཐར་མདོར་བསྡུས་རིན་ཆེན་རྒྱན་ཕྲེང་། སློབ་དཔོན་ཕུག་པ་ཚུལ་ཁྲིམས་ཡེ་ཤེས་ཀྱི་རྣམ་པར་ཐར་པ་དད་གསུམ་ཡིད་ཀྱི་པདྨོ་བཞད་བྱེད་ཟླ་བའི་འཛུམ་ཟེར་བཅས་པ་ལ་པོད་གཅིག་ཡོད། མིང་གཞན་ལ་སོ་རག་གསེར་འཕྲེང་ཡང་ཟེར། འདི་ནི་འབའ་རོམ་བཀའ་བརྒྱུད་ཀྱི་ལོ་རྒྱུས་རྙིང་ཤོས་དང་སྒོམ་སྡེ་ནང་ཆེན་པའི་ལོ་རྒྱུས་གཞི་བཅོལ་ས་གཙོ་བོ་རེད། བརྩམས་ནས་ལོ་འཁོར་དྲུག་བརྒྱ་ལྷག་སོང་། |