94078

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 18:34, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྐབས་གསུམ་པའི་དངོས་བསྟན་གྱི་མཐོང་ལམ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། ས་སྐྱ། སྦྱོར་ལམ་གྱི་གནས་སྐབས་སུ་བདེན་བཞིའི་སྟེང་གི་རྟག་སོགས་བཅུ་དྲུག་དང། མི་རྟག་སོགས་བཅུ་དྲུག་ལ་ཞེན་པ་བཀག་ནས་བསྒོམ་པའི་མཐུས་རྟག་མི་རྟག་སོགས་ཀྱི་སྤྲོས་པ་སོ་གཉིས་དང་བྲལ་བའི་སྤྲོས་བྲལ་མངོན་སུམ་དུ་མཐོང་བའོ། །རྗེས་ཀྱི་ངེས་ཤེས་ཀྱི་གནས་སྐབས་སུ་མི་རྟག་ལ་སོགས་བཅུ་དྲུག་ལ་ངེས་པ་འདྲེན་ནུས་པའི་ཆ་ནས་ཉན་ཐོས་ཀྱི་རྟོགས་རིགས་ཚང་བར་གཞག་པ་ཡིན་གྱི། མི་རྟག་ལ་སོགས་བཅུ་དྲུག་མངོན་སུམ་དུ་མཐོང་བ་ནི་ཉན་ཐོས་ཀྱི་མཐོང་ལམ་ལ་ཡང་མེད་དེ། སྐྱེ་མེད་མངོན་སུམ་དུ་མཐོང་བའི་ཕྱིར་རོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་ཟབ་མོ་ལས་སོ། ། པཎ་ཆེན་ཤཱཀ་མཆོག་གིས། སྒྲོ་འདོགས་སོ་གཉིས་དང་བྲལ་བའི་རྣམ་པ་ཅན་དུ་བསྟན་པའི་ཐེག་ཆེན་གྱི་བདེན་པ་མངོན་རྟོགས་དེ། སྐབས་གསུམ་པར་བསྟན་པའི་ཐེག་ཆེན་གྱི་མཐོང་ལམ་གྱི་མཚན་ཉིད། དེ་ལ་དབྱེ་ན། ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་གོ ། ཞེས་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་གསུངས་སོ། །
Domain ཆོས་ལུགས།