94121

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 18:35, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྐབས་ལྔ་པའི་སྒོམ་སྤང་འཇུག་པ་གཟུང་རྟོག་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། འཇུག་བྱ་བྱང་སེམས་ཀྱི་ལམ་འབྲས་སོགས་ལ་དམིགས་ནས་བདེན་པར་འཛིན་པའི་བདེན་འཛིན་ལྷན་སྐྱེས་ཞིག་ལ་འཇོག མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། རང་གི་དམིགས་ཡུལ་དུ་གྱུར་པའི་བྱང་སེམས་ལམ་གྱི་འཇུག་བྱའི་ཆོས་ལ་དམིགས་ནས་ལོངས་སྤྱད་བྱར་བདེན་པར་ཞེན་པའི་བདེན་འཛིན་ལྷན་སྐྱེས་དེ། འདིར་བསྟན་སྒོམ་སྤངས་འཇུག་པ་གཟུང་རྟོག་གི་མཚན་ཉིད། དེ་དབྱེ་ན་དགུ་ཡོད་དེ། པཎ་ཆེན་ཕར་ཕྱིན་རྩ་ཊཱིཀ་ལས། མདོར་བསྡུས་པ་ལ་དགའ་བའི་སེམས་ཅན་རྗེས་སུ་འཛིན་པའི་གསུང་རབ་ཀྱི་ཆོས་མདོར་བསྡུས་པ་བརྗོད་བྱ་དང་བཅས་པ་ལ་འཇུག་བྱར་བདེན་པར་ཞེན་པ་ལྷན་སྐྱེས་དང༌། རྒྱས་པ་ལ་དགའ་བའི་སེམས་ཅན་རྗེས་སུ་འཛིན་པས་གསུང་རབ་ཀྱི་ཆོས་རྒྱས་པར་བརྗོད་བྱ་ཞེས་སོགས་སྔ་མ་བཞིན་དང༌། ཇི་སྐད་བཤད་པ་བཞིན་མདོ་རྒྱས་ཀྱི་དོན་ལ་སྒྲུབ་པ་ནན་ཏན་མི་བྱེད་པས་སངས་རྒྱས་ཀྱིས་མགོན་བྱས་པའི་སྒོ་ནས་བཏང་སྟེ་ཡོངས་སུ་མ་བཟུང་བའི་གཉེན་པོ་ཤེར་ཕྱིན་གྱི་རྣལ་འབྱོར་ཡིད་ལ་བྱེད་པ་ལ་འཇུག་བྱར་ཞེས་སོགས་སྔ་མ་བཞིན་དང༌། མཐོང་ལམ་ལ་ལྟོས་ཏེ་བྱུང་བ་འགགས་པ་ཉིད་ཀྱིས་སྦྱོར་བའི་ལམ་གྱི་ཡོན་ཏན་དོན་དམ་པར་མེད་ཅིང་ཐ་སྙད་དུ་ཡོད་པ་ལ་འཇུག་བྱར་ཞེས་སོགས་སྔ་མ་བཞིན་དང༌། ཡང་དག་པར་མཐའ་བཞིར་སྐྱེ་བའི་རྒྱུ་དང་མི་ལྡན་པས་མཐོང་བའི་ལམ་གྱི་ཡོན་ཏན་དོན་དམ་པར་མེད་ཅིང་ཐ་སྙད་དུ་ཡོད་པ་ལ་འཇུག་བྱར་ཞེས་སོགས་སྔ་མ་བཞིན་དང༌། མ་འོངས་པ་རྫས་སུ་མེད་པ་ཉིད་ཀྱི་མཐོང་ལམ་གྱི་དུས་ན་ཐེག་ཆེན་སྒོམ་པའི་ལམ་གྱི་ཡོན་ཏན་མེད་པ་ཡིན་ཡང་སྒོམ་ལམ་གྱི་དུས་ན་ཡོད་པ་ལ་འཇུག་བྱར་ཞེས་སོགས་སྔ་མ་བཞིན་དང༌། གཙང་བདེ་རྟག་བདག་ཏུ་འཛིན་པའི་ཕྱིན་ཅི་ལོག་ཞི་བ་ཉིད་ལ་སོགས་པས་མྱ་ངན་ལས་འདས་པར་སྦྱོར་བའི་ལམ་ལ་འཇུག་བྱར་ཞེས་སོགས་སྔ་མ་བཞིན་དང༌། སྟོང་ཉིད་གསར་དུ་རྟོགས་པ་མངོན་པར་སྒྲུབ་པ་སྟེ་སྒོམ་པར་བྱེད་པ་ཉིད་ཀྱིས་མཐོང་བའི་ལམ་ལ་འཇུག་བྱར་ཞེས་སོགས་སྔ་མ་བཞིན་དང༌། དོན་དམ་པར་རང་བཞིན་མེད་པར་རྟོགས་ཟིན་སྒོམ་པར་བྱེད་པ་ཉིད་ཀྱིས་ཐེག་ཆེན་སྒོམ་པའི་ལམ་ལ་འཇུག་བྱར་བདེན་པར་ཞེན་པའི་འཛིན་པ་ལྷན་སྐྱེས་རྣམས་སུ་ཡོད་པའི་ཕྱིར། རྟོག་པ་དགུ་པོ་དེ་ཆོས་ཅན། ཐེག་ཆེན་འཕགས་པའི་སྒོམ་ལམ་སྦྱོར་བ་ཉེར་བསྡོགས་ཀྱི་སྤང་བྱ་ཡིན་ཏེ། དེའི་དངོས་ཀྱི་གཞོམ་བྱ་ཡིན་པའི་ཕྱིར། ཞེས་གསུངས་སོ། །
Domain ཆོས་ལུགས།