94208

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 18:36, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྐར་མའི་རྫོང་ལུགས་ (1)
Part of speech མིང་ཚིག
Definition འབྱུང་རྩིས་ཟླ་ཟེར་དུ་བག་མ་ལམ་འཇུག་གི་རྩིས་ཀྱི་སྐབས་སུ་བསྟན་པའི་རྫོང་ལུགས་བཅུའི་ནང་གསེས་ཤིག་སྟེ། བག་མ་སུ་ཞིག་གནས་ལ་འགྲོ་ཉིན་དེར་ཤར་བའི་ཟླ་སྐར་གང་ཡིན་ལ་གཞིགས་ཏེ་རྫོང་ལམ་ཡོད་མེད་བརྟག་པ་ལ་ཟེར་བ་ཡིན། དེ་ཡང་སྤྱིར་སྐར་མ་སྨིན་དྲུག་དང་། ལྷ་མཚམས། ནམ་གྲུ། མོན་དྲེ། མཆུ། བྲ་ཉེ། སྣར་མ། སོ་སོའི་སྐྱེས་སྐར་བཅས་ནི་བག་མ་གཏོང་ལེན་བྱེད་པར་ངན་པ་མ་ཟད། མག་བག་གཉིས་ཀའི་གཤེད་སྐར་དང་། བདུད་སྐར། ཀེག་སྐར་གསུམ་ལའང་ཅུང་ཟད་ངན་པས། སྐར་མ་དེ་དག་ཤར་དུས་རྫོང་ལམ་མེད་པ་ཡིན། གལ་སྲིད་སྐར་མ་ངན་ཡང་མི་རྫོང་ཐབས་མེད་བྱུང་ན་བཅོས་སུ་གཟའ་སྐར་གཏོ་ཆོག་དང་། སྣང་བརྒྱད་འདོན་ཞིང་ཆུ་གཏོར་གཏོང་དགོས། མག་བག་གཉིས་ཀའི་བླ་སྐར་དང་། སྲོག་སྐར། བརྟན་པའི་དོན་འགྲུབ་སྐར་མ་ལྔ་བཅས་ནི་བག་མ་གཏོང་ལེན་བྱེད་པར་བཟང་བ་མ་ཟད། ཤིང་ཁམས་པ་ལ་རྒྱལ་སྨད་དང་། མེ་ཁམས་པ་ལ་དབོ་དང་ས་རི། ས་ཁམས་པ་ལ་ས་ག་དང་མོན་གྲེ། ལྕགས་ཁམས་པ་ལ་ས་ག་དང་ཆུ་སྟོད་སྨད། ཆུ་ཁམས་པ་ལ་ཁྲུམས་སྟོད་སྨད་བཅས་ཀྱང་ཁམས་ཀྱི་དབྱེ་བས་བཟང་བས། སྐར་མ་དེ་དག་ཤར་དུས་རྫོང་ལམ་ཡོད་པ་ཡིན། གཞན་ཡང་འབྱུང་རྩིས་ཨུཏྤལ་སྔོན་པོ་ལས༼རྟ་ཆེན་ས་རི་དབོན་མོན་དྲེ། །མོན་གྲུ་ཁྲུམས་སྟོད་ཐ་སྐར་ལ། །གཏོང་དང་ལེན་པ་གཉིས་ཀ་བཟང་། །མགོ་དང་ནབས་སོ་རྒྱལ་ས་ག ། ནམ་གྲུ་ཆུ་སྟོད་ཆུ་སྨད་སྣྲུབས། །ཚུར་ལེན་བཟང་ལ་ཕར་གཏོང་ངན། །གྲོ་བཞིན་ཚུར་ལེན་བཟང་པར་བཤད། །རྟ་ཆུང་ལ་ཡང་རུང་ཙམ་ཡིན། །གཞན་རྣམས་ངན་པས་སྤང་བར་བྱ། །༽ཞེས་ཚུར་བསུ་བ་དང་ཕར་རྫོང་བ་ལ་དབྱེ་བ་ཕྱེས་པའི་བརྩི་ཚུལ་ཁྱད་པར་བ་ཞིག་ཀྱང་གསུངས་འདུག
Domain རྩིས་རིག