94228

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 18:36, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྐར་རྩིས་སྤྱི་དོན་ཡོངས་འདུའི་སྙེ་མ་ (1)
Part of speech མིང་ཚིག
Definition སྐར་རྩིས་ཀྱི་འགྲེལ་བ་ཞིག་སྟེ། མཛད་པ་པོ་ནི་སྨིན་གླིང་ལོ་ཆེན་དྷརྨ་ཤྲཱི་ཡིན་ལ། བརྗོད་བྱ་ནི་བཞི་སྟེ། གཟའ་རྣམས་ཀྱི་གང་ལ་ལོངས་སྤྱོད་པའི་གཞི་གོ་ལ་དང་། གང་གིས་སྤྱོད་པར་བྱེད་པ་པོའི་གཟའ་དང་། ཇི་ལྟར་ལོངས་སྤྱོད་པའི་ཚུལ་ལོངས་སྤྱོད་པ། དེ་ལྟར་སྤྱད་པའི་ལག་རྗེས་དང་བཞིའོ། གཞུང་ཚད་པ་སྡེབ་ངོས་ཉིས་བརྒྱ་ཙམ་བཞུགས། མཛད་པའི་ཡུལ་ནི་གཞུང་དེ་ཉིད་ལས། ཕྱི་ནང་གི་རིག་པའི་གནས་གྲངས་མེད་པ་ལ་མངའ་དབང་འབྱོར་བའི་བཤེས་གཉེན་དམ་པ་ཆགས་པ་ཆོས་འཕེལ་གྱི་གསུང་གིས་བསྐུལ་བའི་ངོར། རྡོ་རྗེ་འཆང་གཏེར་ཆེན་བླ་མ་རིགས་ཀྱི་ཅོད་པན་དུ་ཐོབ་པའི་སྨྱོས་ཀྱི་བན་ཆུང་དྷརྨ་ཤྲཱིས་སློབ་དཔོན་མཁས་པ་རྣམས་ཀྱི་དྲིན་ལས་ཅུང་ཟད་ངེས་པ་རྣམས་སུག་བྲིས་སུ་སྦྱར་བ་སྟེ། འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་ཆོས་གྲྭ་ཆེན་པོར་མགོ་ཟླའི་དགུན་ཆོས་ཀྱི་ཐོག་ཏུ་གྲུབ་པར་བགྱིས། ཞེས་བྱུང་། མཛད་པའི་དུས་ནི་རབ་བྱུང་བཅུ་གཉིས་པ་ལྕགས་མོ་ལུག་གི་ལོ་སྟེ། ཕྱི་ལོ་༡༦༩༡་པའི་ལོ་ཡིན་ཏེ། གཞུང་དེ་ཉིད་ལས། གཟུགས་འབྱུང་༢༦༥༡དུས་མིག་ལོ་ཚོགས་ལ། །རབ་༡༢ཉིའི་སྐྱེས་བདག་ལ་སོགས་བསྲེ། །ཞེས་བྱུང་།
Domain རྩིས་རིག