94247

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 18:37, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྐལ་བ་མཉམ་པའི་ཁམས་ཀུན་དུ་འགྲོ་བའི་ཕྲ་རྒྱས་ (1)
Part of speech མིང་ཚིག
Definition མདོ། མངོན་པ། མཛོད་དུ་བཤད་པའི་ཕྲ་རྒྱས་དགུ་བཅུ་རྩ་བརྒྱད་དེ་དག་ལས་རང་རང་གི་ཁམས་ཀྱི་སྤང་བྱ་རིས་ལྔ་མཐའ་དག་ལ་དམིགས་སུ་རུང་བའི་ཕྲ་རྒྱས་སུམ་ཅུ་རྩ་གསུམ་རྣམས་ཏེ། སྡུག་བསྔལ་དང་རྒྱུ་ཀུན་འབྱུང་མཐོང་བས་སྤང་བར་བྱ་བའི་ལྟ་བ་རྣམས་དང་། དེ་བཞིན་ཐེ་ཚོམ་དང་། གང་དེ་དག་དང་ལྷན་ཅིག་མཚུངས་པར་ལྡན་པའི་མ་རིག་པ་དང་། སྡུག་བསྔལ་དང་ཀུན་འབྱུང་མཐོང་བས་སྤང་བར་བྱ་བའི་མ་འདྲེས་པའི་མ་རིག་པ་གང་ཡིན་པ་རྣམས་རང་གི་ཁམས་མཐའ་དག་ལ་དམིགས་པའི་ཕྱིར་སྐལ་པ་མཉམ་པའི་ཁམས་ཀུན་ཏུ་འགྲོ་བ་ཡིན་ནོ། །ཅི་ཕྲ་རྒྱས་ཁོ་ན་ཀུན་ཏུ་འགྲོ་བ་ཡིན་ནམ་ཞེ་ན། མ་ཡིན་ཏེ་ཕྲ་རྒྱས་ཀུན་ཏུ་འགྲོ་བ་དེ་དག་དང་ནི་ལྷན་ཅིག་གང་བྱུང་བ་དེའང་ཀུན་ཏུ་འགྲོ་བ་ཡིན་ལ། ཐོབ་པ་རྣམས་ནི་འབྲས་བུ་དུ་མའི་ཕྱིར་མ་གཏོགས་སོ། །
Domain ཆོས་ལུགས།