From Rangjung Yeshe Wiki - Dharma Dictionary
< Dictionaries | Monlam Grand(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
སྐུ་གཉིས་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། ཕར་ཕྱིན་ཐེག་པ་ལ་གྲུབ་མཐའ་སྨྲ་བ་བཞི་ལས། བྱེ་བྲག་སྨྲ་བའི་ལུགས་ལ་ལོངས་སྐུ་མེད་པས་ཆོས་སྐུ་དང་གཟུགས་སྐུ་གཉིས་གསུངས་ཤིང། དེ་ལས་གཞན་པའི་སྐུ་བཤད་པ་མེད་ལ། གཟུགས་སྐུའང་ཤཱཀྱ་ཐུབ་པ་ལྟ་བུ་ལ་འདོད་ཅིང། དེ་ལ་སྤྲུལ་སྐུའི་ཐ་སྙད་མི་བྱེད་དེ། རང་རྒྱུད་པར་ཁས་ལེན་པའི་ཕྱིར་རོ་ཞེས་ཀུན་མཁྱེན་གོ་རམས་པའི་ཡུམ་དོན་རབ་གསལ་ལས་སོ། ། བྱེ་བྲག་ཏུ་སྨྲ་བའི་གཞུང་ལུགས་ལས་ཆོས་སྐུ་གཟུགས་སྐུ་གཉིས་སུ་བཤད་ནས། དང་པོ་ནི། ཐེག་ཆེན་མི་སློབ་པའི་ལམ་བདེན་དང། གཉིས་པ་ནི། མ་ག་དྷ་རྡོ་རྗེ་གདན་གྱི་སྤོ་ལ་གསར་དུ་སངས་རྒྱས་པའི་སྟོན་པ་ཐུབ་པའི་དབང་པོ་ལྟ་བུའོ། །
|
| Domain
|
ཆོས་ལུགས།
|
སྐུ་གཉིས་ (2)
| Part of speech
|
མིང་ཚིག
|
| Definition
|
སྐུ་གཉིས་སུ་བཞག་པ་ནི། རྒྱུད་བླར། རང་དོན་གཞན་དོན་དོན་དམ་སྐུ་དང་ནི། །དེ་ལ་བརྟེན་པའི་ཀུན་རྫོབ་སྐུ་ཉིད་དེ། །བྲལ་དང་རྣམ་པར་སྨིན་པའི་འབྲས་བུ་ནི། །ཡོན་ཏན་དབྱེ་བ་དྲུག་ཅུ་བཞི་འདི་དག ། ཞེས་སྐུ་གཉིས་སུ་གསུངས་པའི་དང་པོ་རང་དོན་དོན་དམ་པའི་སྐུ་དང་ངོ་བོ་ཉིད་སྐུ་དོན་གཅིག། གཉིས་པ་གཞན་དོན་ཀུན་རྫོབ་པའི་སྐུ་དང་གཟུགས་སྐུ་དོན་གཅིག ངོ་བོ་ཉིད་སྐུ་ལ་ལྡན་པའི་འབྲས་བུ་ནི། རྣམ་མཁྱེན་ཡིན་ཞིང། དེ་ལ་དབྱེ་ན། སྟོབས་བཅུ་ལ་སོགས་པ་སོ་གཉིས་སུ་ཡོད། གཟུགས་སྐུ་ལ་ལྡན་པའི་རྣམ་སྨིན་གྱི་ཡོན་ཏན་ནི། སངས་རྒྱས་ཀྱི་མཚན་སོ་གཉིས་ལ་འཇོག་སྟེ། རྒྱུད་བླ་མར། དང་པོའི་སྐུ་ནི་སྟོབས་ལ་སོགས། །བྲལ་བའི་ཡོན་ཏན་རྣམས་དང་ལྡན། །གཉིས་པ་སྐྱེས་བུ་ཆེན་པོའི་མཚན། །རྣམ་སྨིན་ཡོན་ཏན་དག་དང་ལྡན། ཞེས་གསུངས་པའི་ཕྱིར་རོ་ཞེས་པཎ་ཆེན་ངག་ཆོས་ཀྱི་ཀུན་མཁྱེན་བླ་མའི་དགོངས་དོན་རབ་གསལ་ལས་སོ། ། སྐུ་གཉིས་སུ་དབྱེ་བ་ནི། རང་དོན་དོན་དམ་པའི་ཆོས་སྐུ་དང། གཞན་དོན་ཀུན་རྫོབ་པའི་གཟུགས་སྐུ་གཉིས་སོ། །དང་པོ་ནི། སངས་རྒྱས་ཀྱི་སྤངས་རྟོགས་གཉིས་ལ་བྱ་ཞིང། གཉིས་པ་ནི། ལོངས་སྤྲུལ་གཉིས་ལ་བྱེད། དེ་སྐད་དུ་ཡང། རྒྱུད་བླ་མར། རང་དོན་གཞན་དོན་དོན་དམ་སྐུ་དང་ནི། །དེ་ལ་བརྟེན་པ་ཀུན་རྫོབ་སྐུ་ཉིད་དེ། །ཞེས་འབྱུང་ངོ་ཞེས་པཎ་ཆེན་ཤཱཀ་མཆོག་གི་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་སོ། །
|