94480

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 18:40, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྐུ་ཡོངས་སུ་སྣང་བ་དམ་པ་རྒྱན་བཀོད་པའི་ལེའུ་ (1)
Part of speech མིང་ཚིག
Definition མདོ་དགོངས་པ་འདུས་པའི་ལེའུ་སུམ་ཅུ་སོ་གསུམ་པ་ཡིན། ལེའུ་འདི་རྒྱུད་དེའི་བཤད་རྒྱུད་དུ་གཏོགས་ཤིང་། ནང་དོན་ལ་བྱུང་ཚུལ་བཅུ་གཉིས་ཀྱི་བདུན་པ་བྱིན་གྱིས་རླབས་ཀྱིས་སྣང་བས་བྱུང་ཚུལ་བསྟན། དེའང་སྐུའི་བྱིན་གྱིས་རླབས་ཀྱིས་སྣང་བ་དེར་སྐུའི་ངོ་བོ་དང། དབྱེ་བ་དང། མཚན་ཉིད་དང། རྣམ་གྲངས་མ་ངེས་པ་དང༌། དཔེ་དང་དེ་དག་རྟོགས་མ་རྟོགས་ཀྱི་སྣང་ཚུལ་དང། ཕུན་སུམ་ཚོགས་པ་བཅས་བསྟན། རྒྱུད་ཆེན་པོ་འདིའི་ལུགས་ལ་ཆོས་ཉིད་བརྒྱུད་ནས་སྟོན་པ་དང་ཅར་ཕོག་ཏུ་སྟོན་པ་ལ་དྲང་དོན་ངེས་དོན་དུ་བྱས་པའི་ལེའུ་འདིས་དྲང་དོན་དང་ངེས་དོན་གཉིས་ཀ་སྟོན་ཞེས་གཟི་ལྡན་འཆར་ཁའི་འོད་སྣང་དུ་གསལ་ལོ། །