94504

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 18:40, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྐུ་ལྔ་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག ངོ་བོ་ཉིད་ཀྱི་སྐུ་དང་། ཆོས་ཀྱི་སྐུ་དང་། ལོངས་སྤྱོད་ཀྱི་སྐུ་དང་། སྤྲུལ་པའི་སྐུ་དང་། རང་བཞིན་གྱིས་འོད་གསལ་བའི་སྐུའོ། །
Domain ཆོས་ལུགས།
སྐུ་ལྔ་ (2)
Part of speech མིང་ཚིག
Definition ཆོས་ཀྱི་སྐུ། ལོངས་སྤྱོད་ཆེན་པོའི་སྐུ། སྤྲུལ་པའི་སྐུ། མངོན་པར་བྱང་ཆུབ་པའི་སྐུ། མི་འགྱུར་རྡོ་རྗེའི་སྐུ་སྟེ། ཕྱོགས་བཅུའི་མུན་སེལ་ལས། སྐུ་ལྔ་ནི། ཆོས་སྐུ་སྤྲོས་དང་བྲལ་བ། ལོངས་སྐུ་འོད་གསལ་ཆེན་པོ། སྤྲུལ་སྐུ་ངེས་མེད་སྣ་ཚོགས། མངོན་བྱང་སྤང་རྟོགས་མཐར་ཕྱིན། རྡོ་རྗེ་མི་འགྱུར་ཆེན་པོ། ཞེས་དང་། ཡིད་ཀྱི་མུན་སེལ་ལས། སྐུ་ལྔ་ནི། སྤངས་རྟོགས་ཀྱི་ཡོན་ཏན་མཐར་ཕྱིན་པའི་ཆ་ནས་མངོན་པར་བྱང་ཆུབ་པའི་སྐུ་དང་། དུས་གསུམ་འཕོ་འགྱུར་དང་འཇིག་འབྲལ་མེད་ཅིང་རྟག་པས་མི་འགྱུར་རྡོ་རྗེའི་སྐུ་དང་། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་སྤྲོས་པ་མཐའ་དག་ཞི་བས་ཆོས་ཀྱི་སྐུ་དང་། ལྷུན་སྟུག་པོ་བཀོད་པར་རང་སྣང་དཀྱིལ་འཁོར་དུ་རྫོགས་པས་ལོངས་སྤྱོད་རྫོགས་པའི་སྐུ་དང་། གདུལ་བྱ་གང་འདུལ་དུ་སྣང་བས་སྤྲུལ་པའི་སྐུ། ཞེས་གསུངས་སོ། །
སྐུ་ལྔ་ (3)
Part of speech མིང་ཚིག
Definition འབྲས་ཆོས་ཉེར་ལྔའི་དབྱེ་གཞིར་གྱུར་པ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཏེ་ལྔ། 3 ཨ་ནུ་ཡོ་ག རྙིང་མ། ངོ་བོ་ཉིད་སྐུ། ཆོས་སྐུ། ལོངས་སྐུ། གསང་བའི་སྐུ། སྤྲུལ་སྐུ་དང་ལྔའོ། །
སྐུ་ལྔ་ (4)
Part of speech མིང་ཚིག
Definition སྔགས། ཕྱག་ཆེན། སྤྲོས་པ་དང་སྤྲོས་པས་སྟོང་ཞིང་དག་ཅིང་གསལ་བ་འདི་ཆོས་སྐུ། དྲན་པ་དང་རྟོགས་པ་ཅི་ཡང་སྣང་ཞིང་འདུག་པ་དེ་སྤྲུལ་པའི་སྐུ། དེ་གཉིས་དབྱེར་མེད་མཚན་དང་དཔེ་བྱད་ལ་སོགས་པའི་ཡོན་ཏན་ཡང་དེ་ལ་ཚང་བས་ལོངས་སྤྱོད་རྫོགས་པའི་སྐུ། ཟག་པ་བཅས་པ་ཟག་པ་དང་བཅས་པས་སྟོང་། ཉོན་མོངས་པའི་རྣམ་པར་རྟོག་པ་ལ་སོགས་པ་ཟུག་རྔུ་སྡུག་བསྔལ་དུ་སྣང་བ་དེ་དེ་རང་གི་སྟོང་དེ་བདེ་བ་ཆེན་པོའི་སྐུ། དེ་ལ་སྒྲིབ་པའམ་སྒྲིབ་མཁན་གང་ཡང་མ་གྲུབ་པས་རྣམ་དག་གི་སྐུ། སྐུ་ལྔ་ཡང་སེམས་དྲན་པ་སྐད་ཅིག་མ་འདི་ལ་ཚང་བས། ཕྱག་རྒྱ་ཆེན་པོ་ནས་ལྷུན་གྱི་གྲུབ་པ་ཟེར་ཡང་སེམས་སྐུ་ལྔ་ལྷུན་གྱིས་གྲུབ་པ་འདི་ལྟར་གདའ།