94716
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འབྲི་གུང་བཀའ་བརྒྱུད་ཀྱི་གདམས་པ་ཆོས་ཚན་མང་དུ་ཡོད་པའི་ནང་ནས་ཏེ། ༡ དམར་ཁྲིད་གེགས་སེལ་གྱི་རྒྱན་ཏེ། ནཱ་རོ་ཆོས་དྲུག་དང་ལྷན་ཅིག་སྐྱེས་སྦྱོར་གྱི་སྐབས་བར་ཆད་སྣ་ཚོགས་བྱུང་ཚེ་སེལ་ཐབས་སྐོར་ཡིན། ༢ མགུར་འབུམ་དཀར་ཆག་གི་རྒྱན་ཏེ། དེ་ནི་ནཱ་རོ་ཆོས་དྲུག་དང༌། ལྷན་ཅིག་སྐྱེས་སྦྱོར་གྱི་བརྗོད་བྱ་གཙོ་བོར་སྟོན་པ་ཞིག ༣ བུའི་སྡེ་ཚན་ཕྲན་ཚེགས་ཀྱི་རྒྱན་ཏེ། དེ་ནི་མན་ངག་ཐོར་བུ་སྣ་ཚོགས་ཕྱོགས་གཅིག་ཏུ་བསྒྲིགས་པ་ཞིག་ཡིན་པའོ། ། |
| Domain | ལོ་རྒྱུས། |