From Rangjung Yeshe Wiki - Dharma Dictionary
< Dictionaries | Monlam Grand(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
སྐྱ་ཐིག་ (1)
| Part of speech
|
མིང་ཚིག
|
| Definition
|
ཐལ་མདོག་ལྟ་བུའི་ཐིག་སྐུད་སྐྱ་བོས་ཐིག་བརྒྱབ་པའི་རི་མོ།
|
| Example
|
སྐྱ་ཐིག་བཏབ་ནས་དྲས། སྐྱ་ཐིག་གཟུར་མ་འགྲོ་ལྟ་བུ།
|
སྐྱ་ཐིག་ (2)
| Part of speech
|
མིང་ཚིག
|
| Definition
|
ཁང་པ་སོགས་འཛུགས་བསྐྲུན་འཆར་འགོད་ཀྱི་དཔེ་རིས་རགས་རིམ།
|
| Example
|
ལྷ་ཁང་གི་སྐྱ་ཐིག་འཐེན་པ། ཁང་བརྩེགས་ཀྱི་སྐྱ་ཐིག་འཐེན་པ། ཐང་གའི་སྐྱ་ཐིག་བྲིས་པ་ལྟ་བུ།
|
སྐྱ་ཐིག་ (3)
| Part of speech
|
མིང་ཚིག
|
| Definition
|
གཞུང་ལུགས་ཀྱི་སྒྲོམ་གཞི་རགས་རིམ།
|
| Example
|
གཞུང་ལུགས་ཀྱི་སྐྱ་ཐིག་འབྲི་ཚར་སོང། སྐྱ་ཐིག་ཙམ་ཡང་མེད་ན་གཞུང་ལུགས་ཇི་ལྟར་འབྲི་ལྟ་བུ།
|
སྐྱ་ཐིག་ (4)
| Part of speech
|
མིང་ཚིག
|
| Definition
|
ལས་ཀའི་འཆར་འགོད་རགས་རིམ།
|
| Example
|
ལས་ཀའི་སྐྱ་ཐིག་འཐེན་པ། ལས་ཀར་སྐྱ་ཐིག་ཡོད་དགོས་ལྟ་བུ།
|