95066

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 18:50, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྐྱུར་བ་ཆུ་ (1)
Part of speech མིང་ཚིག
Definition དུར་ལྔའི་ནང་གསེས་ཤིག་སྟེ། གཤིན་པོའི་ཕུང་བོ་ཆུར་འཕངས་ནས་ཆུ་གཏོར་བྱེད་པ་ལ་ཟེར་བ་ཡིན། གཤིན་པོའི་ཕུང་པོ་ལ་དུར་དེ་བྱ་རུང་མིན་གཉིས་ཡོད་པ་ལས་མི་རུང་བའི་རིགས་ལ་ཡང་སྐྱེས་དུས་ཀྱི་ཆ་ནས་མི་རུང་བ་དང་། འཆི་དུས་ཀྱི་ཆ་ནས་མི་རུང་བ། གཉིས་ཀའི་ཆ་ནས་མི་རུང་བ། ཤི་རྐྱེན་གྱི་ཆ་ནས་མི་རུང་བ། རོ་རིགས་ཀྱི་ཆ་ནས་མི་རུང་བ་བཅས་ཁག་ལྔ་ཙམ་ཡོད་ཅིང་། རུང་བའི་རིགས་ལའང་སྐྱེས་དུས་ཀྱི་ཆ་ནས་རུང་བ་དང་། འཆི་དུས་ཀྱི་ཆ་ནས་རུང་བ། ཤུལ་ལུས་གསོན་ལོའི་ཆ་ནས་རུང་བ་བཅས་ཁག་གསུམ་ཙམ་ཡོད། དེ་དག་ལས་མི་རུང་བའི་ནང་གསེས་སྐྱེས་དུས་ཀྱི་ཆ་ནས་མི་རུང་བ་ནི་རང་ལོ་རྟ་སྦྲུལ་ལམ་རུས་ཆེན་ཇི་ཡིན་པའི་གཤིན་ཕུང་ཡིན། འཆི་དུས་ཀྱི་ཆ་ནས་མི་རུང་བ་ནི་བབས་སྤར་ལི་དང་། བབས་སྨེ་དམར་གཉིས། རེས་གཟའ་ཉི་མིག ཟླ་བ་དབྱར་ཟླ་ར་འབྲིང་། སྐར་མ་ལྷོ་སྐར་དྲུག གནམ་ལོ་རྟ་སྦྲུལ། ཞག་པོ་རྟ་སྦྲུལ་ཉི་མ་བཅས་ལས་གང་རུང་ཞིག་གི་སྟེང་དུ་ཤི་བའི་གཤིན་ཕུང་ཡིན། གཉིས་ཀའི་ཆ་ནས་མི་རུང་བ་སྐྱེ་འཆིའི་སྐབས་ཀྱི་ལོ་ཟླ་ཞག་དུས་བཞི་ལས་གང་ཡང་རུང་བའི་དབང་ཁམས་མེ་ཡིན་པའི་གཤིན་ཕུང་ཡིན། ཤི་རྐྱེན་གྱི་ཆ་ནས་མི་རུང་བ་ནི་སྙིང་ནད་དང་། མེས་འཚིག་པ། ཚ་བའི་ནད། མཁལ་ནད། དབུ་ཆུ། ལྷོག་པ། ཆུ་གྲི། བྱི་བའམ་ཕག་རྒོད་ཀྱིས་རྨུགས་པ་སོགས་ལས་གང་རུང་གིས་ཤི་བའི་གཤིན་ཕུང་ཡིན། རོ་རིགས་ཀྱི་ཆ་ནས་མི་རུང་བ་ནི་བཀྲ་རོ་དང་། སྲིའུ་རོ། ཐོན་བུའི་རོ། ཡུགས་སའི་རོ་སོགས་ཡིན། འདིར་བཤད་པ་ཅི་རིགས་འདོམ་ན་དེ་བས་ཀྱང་ཆུར་བསྐྱུར་མི་རུང་བས་ཞིབ་མོར་བརྟག་པ་གཅེས། དེ་བཞིན་དུ་རུང་བའི་ནང་གསེས་སྐྱེས་དུས་ཀྱི་ཆ་ནས་རུང་བ་ནི་རང་ལོ་བྱི་ཕག་གམ་སྟག་ཡོས་ཡིན་པའི་གཤིན་ཕུང་ཡིན། འཆི་དུས་ཀྱི་ཆ་ནས་རུང་བ་ནི་གནམ་ལོ་བྱི་ཕག་གམ་སྟག་ཡོས་དང་། བབས་སྤར་ཁམ་མམ་ཟིན། བབས་སྨེ་ནག་མཐིང་ངམ་བཞི་ལྗང་བཅས་ལས་གང་རུང་ཞིག་གི་སྟེང་དུ་ཤི་བའི་གཤིན་ཕུང་ཡིན། ཤུལ་ལུས་གསོན་ལོའི་ཆ་ནས་རུང་བ་ནི་ཤུལ་ལུས་ནང་མི་ལོ་རྟགས་གཤེད་བཞི་ཅན་མང་བའི་གཤིན་པོའི་ཕུང་པོ་ཡིན།
Domain རྩིས་རིག

{{#arraymap:སྐྱུར་བ་ཆུ་

|; |@@@ | | }}