95112

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 18:50, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྐྱེ་བ་ (1)
Part of speech མིང་ཚིག
Definition མྱུ་གུ་སོགས་གསར་དུ་འབྱུང་བའམ་སྐྱེ་འཕེལ་བྱེད་པའི་བྱ་བའི་མིང།
Keyword True
Example རྩྭ་སྐྱེ་བ། ཤིང་སྡོང་སྐྱེ་བ། འབྲུ་རིགས་སྐྱེ་བ། སོ་སྐྱེ་བ། སེན་མོ་སྐྱེ་བ་ལྟ་བུ།
སྐྱེ་བ་ (2)
Part of speech མིང་ཚིག
Definition ཕྲུ་གུ་མའི་མངལ་ནས་ཕྱི་ལ་ཐོན་པའི་དོན།
Keyword True
Example ཨ་མར་བུ་ཕྲུག་སྐྱེ་བ། མ་མོར་ལུ་གུ་སྐྱེ་བ། འབྲི་མོར་བེའུ་ལུ་སྐྱེ་བ། རྒོད་མར་རྟེའུ་སྐྱེ་བ་ལྟ་བུ།
སྐྱེ་བ་ (3)
Part of speech མིང་ཚིག
Definition རྣམ་ཤེས་འཁོར་བའི་ལུས་རྟེན།
Example ངའི་སྐྱེ་བ་སྔོན་མ་བྱ་ཞིག་ཡིན། སྐྱེ་བ་འདིར་མི་ལུས་བླངས་པ། མིའི་སྐྱེ་བ་བླངས་པ། དུད་འགྲོའི་སྐྱེ་བ་བླངས་པ་ལྟ་བུ།
སྐྱེ་བ་ (4)
Part of speech མིང་ཚིག
Definition བྱེ་བྲག་ཏུ་སྨྲ་བས། སྐྱེ་བ་ནི་ལས་དེས་ཚེ་ཕྱི་མར་མངལ་དུ་ཉིང་མཚམས་སྦྱོར་བའི་སྐད་ཅིག་དང་པོའི་གནས་སྐབས་ཀྱི་ཕུང་པོ་ལྔའོ། །
Domain ཆོས་ལུགས།
སྐྱེ་བ་ (5)
Part of speech མིང་ཚིག
Definition མདོ་སྡེ་པས། སྐྱེ་བ་ནི་རྣམ་པར་ཤེས་པ་ནས་ཚོར་བའི་བར་ལ་བཏགས་པའི་བཏགས་ཡོད་དོ། །
སྐྱེ་བ་ (6)
Part of speech མིང་ཚིག
Definition དབུ་མ་པས། སྐྱེ་བ་ནི་སྲིད་པའི་དབང་གིས་ཉིང་མཚམས་སྦྱོར་བའི་དུས་སུ་ཕུང་པོ་ལྔ་རིམ་གྱིས་གྲུབ་པའོ་ཞེས་ཀུན་མཁྱེན་གོ་རམས་པའི་རྟེན་འབྲེལ་རབ་གསལ་ལས་སོ། །