95117

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 18:50, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྐྱེ་བ་ངོ་བོ་ཉིད་མེད་པ་ (1)
Part of speech མིང་ཚིག
Definition མདོ། སེམས་ཙམ་པ། གཞན་དབང་ལ་སྐྱེ་བ་ངོ་བོ་ཉིད་མེད་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། གཞན་དབང་དེ་རང་གི་རྒྱུ་རྐྱེན་གཞན་གྱི་སྟོབས་ཀྱིས་བྱུང་བ་ཡིན་གྱི། རང་དབང་དུ་བྱུང་བའམ། རང་དང་བདག་ཉིད་གཅིག་པའི་རྒྱུ་ལས་མི་འབྱུང་བས་དེ་ལྟར་བརྗོད་པའི་ཕྱིར། དེ་སྐད་དུ་ཡང་དགོངས་འགྲེལ་ལས། ཆོས་རྣམས་ཀྱི་སྐྱེ་བ་ངོ་བོ་ཉིད་མེད་པ་གང་ཞེ་ན། ཆོས་རྣམས་ཀྱི་གཞན་གྱི་དབང་གི་མཚན་ཉིད་གང་ཡིན་པའོ། དེ་ཅིའི་ཕྱིར་ན། འདི་ལྟར་དེ་ནི་རྐྱེན་གཞན་གྱི་སྟོབས་ཀྱིས་བྱུང་བ་ཡིན་གྱི། བདག་ཉིད་ཀྱིས་མ་ཡིན་པས་དེའི་ཕྱིར་དེ་ནི་སྐྱེ་བ་ངོ་བོ་ཉིད་མེད་པ་ཅེས་བྱའོ། །ཞེས་གསུངས། དེ་ཡང་ཆོས་རྣམས་ཀྱི་སྐྱེ་བ་ངོ་བོ་ཉིད་མེད་པ་གང་ཞེ་ན་ཞེས་པས་དྲི་བ་བསྟན། ཆོས་རྣམས་ཀྱི་གཞན་གྱི་དབང་གི་མཚན་ཉིད་གང་ཡིན་པའོ་ཞེས་པས་དེའི་ལན་བསྟན། དེ་ཅིའི་ཕྱིར་ཞེས་པ་མན་གྱིས་དེའི་རྒྱུ་མཚན་སྒྲུབ་ཕྱོགས་ནས་གཞན་དབང་དེ་རང་གི་རྒྱུ་རྐྱེན་ལས་སྐྱེས་པ་དང། དགག་ཕྱོགས་ནས་རང་དབང་ངམ་རང་དང་བདག་ཉིད་གཅིག་པའི་རྒྱུ་ལས་མ་སྐྱེས་པའི་གཞན་དབང་སྐྱེ་བ་ངོ་བོ་ཉིད་མེད་པ་ཞེས་བརྗོད་པའི་རྒྱུ་མཚན་སྟོན་ལ།
Domain ཆོས་ལུགས།

{{#arraymap:སྐྱེ་བ་ངོ་བོ་ཉིད་མེད་པ་

|; |@@@ | | }}