95153
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རྒྱུ་དུས་སུ་གྲུབ་ཟིན་ཀྱང་སྐྱེས་མ་ཟིན་པའི་མྱུ་གུ་ལྟ་བུ་འདི་ཉིད་སྐྱེས་དགོས་པར་འདོད་པའི་གྲངས་ཅན་པ་སྟེ། དེས་གྲུབ་ཟིན་སླར་ཡང་སྐྱེ་བར་འདོད་ཀྱང་། སྐྱེས་ཟིན་སླར་ཡང་སྐྱེ་བར་མི་འདོད་དེ། མཁས་གྲུབ་བསྟན་དར་བའི་དབུ་མའི་མཐའ་དཔྱོད་ལས། ཁ་ཅིག ། གྲངས་ཅན་ཡིན་ན་སྐྱེས་ཟིན་སླར་ཡང་སྐྱེ་བས་ཁྱབ་པར་འདོད་པས་ཁྱབ་ཟེར་ན། སྐྱེ་བ་སྨྲ་བའི་གྲངས་ཅན་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། མ་ཡིན་པར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར། ཁྱབ་སྟེ། ཚིག་གསལ་ལས། ཁྱོད་ཀྱི་སྐྱེ་བ་སླར་སྐྱེ་བར་མི་འདོད་ཅིང་དེ་ཉིད་ཐུག་པ་མེད་པར་ཡང་མི་འདོད་དོ། །ཞེས་གསུངས་པའི་ཕྱིར། ཞེས་དང་། དེ་(སྐྱེ་བ་སྨྲ་བའི་གྲངས་ཅན་དང་གསལ་བ་སྨྲ་བའི་གྲངས་ཅན་)ཀྱི་ཁྱད་པར་སྔ་མས་གྲུབ་ཟིན་སླར་ཡང་སྐྱེ་བར་འདོད། ཕྱི་མས་སྐྱེས་ཟིན་སླར་ཡང་གསལ་བར་འདོད་པའི་ཕྱིར་དང༌། རིམ་པ་བཞིན་དུ་སྐྱེས་ཟིན་སླར་ཡང་སྐྱེ་བ་དང༌། གསལ་ཟིན་སླར་ཡང་གསལ་བར་མི་འདོད་པའི་ཕྱིར། དེ་ཡོད་པ་མ་གྲུབ་ན། ཡོད་པར་ཐལ། ཚིག་གསལ་ལས། སངས་རྒྱས་བསྐྱངས་ཀྱི་འགྲེལ་པས་བདག་སྐྱེ་འགོག་ཚུལ་དེས་སྐྱེ་བ་སྨྲ་བའི་ལུགས་ཁེགས་སུ་ཆུག་ཀྱང༌། གསལ་བ་སྨྲ་བའི་ལུགས་མི་ཁེགས་པས་མི་འཐད་ཟེར་ན། དེ་གཉིས་ཚིག་གི་བརྗོད་པ་མི་མཐུན་པ་ཙམ་མ་གཏོགས་གྲུབ་ཟིན་སྐྱེ་དགོས་པར་འདོད་པ་མཐུན་པས་གཉིས་ཀ་ཁེགས་ནུས་པར་གསུངས་པའི་ཕྱིར། དེ་བཞིན་དུ་གྲངས་ཅན་ཡིན་ན་དངོས་པོ་ལ་སྐྱེ་བས་ཁྱབ་པ་དང༌། དེ་ལ་གསལ་དགོས་པའི་ཁྱབ་པ་ཡང་མི་འདོད་དོ། དང་པོ་སྐྱེས་ཟིན་གྱི་མྱུ་གུ་སྐྱེ་བ་མི་འདོད། ཕྱི་མ་གསལ་ཟིན་གྱི་མྱུ་གུ་གསལ་དགོས་པར་མི་འདོད་པའི་ཕྱིར། ཞེས་གསུངས། |
Domain | ཆོས་ལུགས། |
{{#arraymap:སྐྱེ་བ་སྨྲ་བའི་གྲངས་ཅན་
|; |@@@ | | }}