95162

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 18:51, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྐྱེ་བའི་ཆོས་ཅན་སྤྱིར་བཏང་གི་མ་འོངས་པའི་ཐོབ་པ་དུས་གསུམ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། བྱེ་བྲག་སྨྲ་བ། ཐོབ་པ་མུ་དགུ་ནང་གི་མ་འོངས་པའི་ཐོབ་པ་དུས་གསུམ་ལ་འཇོག་ཚུལ་གཉིས་ཡོད་པའི་ཡ་གྱལ་ཞིག་སྟེ། སེར་སྨད་རྒྱལ་དབང་མཛོད་ལས། མ་འོངས་པ་སྐྱེ་བའི་ཆོས་ཅན་གྱི་ཐོབ་པ་དུས་གསུམ་འཇོག་ཚུལ་འགྲེལ་པ་མངོན་པའི་རྒྱན་དུ་སྔ་ཕྱི་གཉིས་གསུངས་པའི་སྔ་མ་ནི་སྐྱེ་བའི་ཆོས་ཅན་སྤྱིར་བཏང་གི་དབང་དུ་མཛད་པ་ལས། ཐོབ་པ་སྔར་སྐྱེས་ཡོད་པ་ཁོ་ནའི་དབང་དུ་མཛད་པ་མ་ཡིན་ཏེ། དེ་འདྲའི་ཐོབ་པ་དུས་གསུམ་ནི་སྐྱེ་བའི་ཆོས་ཅན་ཐམས་ཅད་ལ་ཡོད་པའི་ཕྱིར། དེའི་འཇོག་ཚུལ་ཡང་ཞིབ་ཏུ་མ་ཕྱེ་ན་གོ་བར་མི་སྣང་བས་བཤད་ན། བསམ་གཏན་གྱི་སྡོམ་པ་སྐད་ཅིག་དང་པོ་མ་འོངས་པ་སྐྱེ་བའི་ཆོས་ཅན་ལ་མཚོན་ན། ཆོས་དེ་མ་འོངས་པའི་ངོ་བོར་གནས་པའི་ཚེ་དེའི་ཐོབ་པ་ཡང་མ་འོངས་པའི་ངོ་བོར་གནས་པ་དེ་ཆོས་དེའི་ཐོབ་པ་མ་འོངས་པ་དང༌། ཆོས་མ་འོངས་པ་དེ་ད་ལྟར་བའི་ངོ་བོར་འཕོས་པ་དང་དུས་མཉམ་དུ་ཐོབ་པ་མ་འོངས་པ་དེ་ཡང་ད་ལྟར་བའི་ངོ་བོར་འཕོས་ཤིང༌། དེའི་ཚེ་ཐོབ་བྱའི་ཆོས་མ་འོངས་པ་དེ་དངོས་གནས་པ་མེད་ཀྱང་རྒྱུན་གཏོང་རྒྱུ་མ་བྱུང་གི་བར་དུ་ལྡན་པར་འདོད་པས་ན། ད་ལྟར་བར་འཕོས་པའི་སྐད་ཅིག་མ་དེའི་རིང་དུའང་སྔར་གྱི་མ་འོངས་པ་དང་ལྡན་པ་མི་འགལ་བས་དེ་ལྡན་བྱེད་ཀྱི་ཐོབ་པ་དེ་དེའི་ཐོབ་པ་ད་ལྟར་བ་དང༌། ཆོས་མ་འོངས་པ་དེ་ད་ལྟར་བར་འཕོས་པའི་སྐད་ཅིག་གཉིས་པ་ཕན་ཆད་དུ་ཆོས་དེ་འདས་པའི་ངོ་བོར་སོང་ཟིན་ལ། དེ་དང་དུས་མཉམ་དུ་ཐོབ་པ་ཡང་འདས་པའི་ངོ་བོར་སོང་ཟིན་ཀྱང་སྔར་གྱི་ཆོས་མ་འོངས་པ་དང་དེ་ཕན་ཆད་དུ་ཡང་ལྡན་པར་བྱེད་པས་ན་དེ་འདྲའི་ཐོབ་པ་དེ་ཆོས་དེའི་ཐོབ་པ་འདས་པར་འཇོག་པ་ཡིན་ལ། དེས་ན་འདི་དག་ཀྱང་ཆོས་དེ་དངོས་གནས་ལ་མེད་ཀྱང་རྒྱུན་ལྡན་བྱེད་ཀྱི་ཐོབ་པ་ཡོད་པར་འདོད་པ་སྟེ་གོང་དུ་བཤད་པའི་རྣམ་གྲངས་སོ། །ཞེས་གསུངས།
Domain [ཆོས་ལུགས།, ལྟ་གྲུབ།]

{{#arraymap:སྐྱེ་བའི་ཆོས་ཅན་སྤྱིར་བཏང་གི་མ་འོངས་པའི་ཐོབ་པ་དུས་གསུམ་

|; |@@@ | | }}