95169
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། ཕར་ཕྱིན། ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་བཅུ་པ་སྲིད་པའི་མཐུས་ཡང་སྲིད་ཕྱི་མ་ཉིང་མཚམས་སྦྱར་མ་ཐག་པའི་གནས་སྐབས་ཀྱི་ཕུང་པོ་ཞིག་ལ་འཇོག མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་མཐའ་དཔྱོད་ལས། རྟེན་འབྲེལ་ཚར་གཅིག་པོ་དེའི་སྐྱེ་བའི་སྲིད་པས་བསྡུས་པ་དེ། ཡན་ལག་བཅུ་གཅིག་པ་སྐྱེ་བའི་རྟེན་འབྲེལ་གྱི་མཚན་ཉིད། དབྱེ་ན། དེའི་ནང་ཚན་དུ་གྱུར་པའི་མངལ་སྐྱེས། རྫུས་སྐྱེས། སྒོང་སྐྱེས། དྲོད་གཤེར་སྐྱེས་དང་བཞི་ཡོད། ཅེས་དང་། ཡང་པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། བཅུ་གཅིག་པ་ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་སྐྱེ་བའི་རྟེན་འབྲེལ་ཡོད་དེ། ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་སྲིད་པའི་མཐུས་སྐྱེ་གནས་སུ་ཉིང་མཚམས་སྦྱར་མ་ཐག་པའི་གནས་སྐབས་ཀྱི་ཕུང་པོ་ལྔ་པོ་ལྟ་བུ་དེ་དེ་ཡིན་པའི་ཕྱིར། དབྱེ་ན། ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་མངལ་སྐྱེས་རྫུས་སྐྱེས་སྒོང་སྐྱེས་དྲོད་གཤེར་སྐྱེས་དང་བཞིའོ། །ཞེས་གསུངས་སོ། ། |
Domain | ཆོས་ལུགས། |
{{#arraymap:སྐྱེ་བའི་རྟེན་འབྲེལ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | ཀུན་ནས་ཉོན་མོངས་ཕྱོགས་ཀྱི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་ཡན་ལག་བཅུ་གཅིག་པ་གང་ཞིག སྐྱེ་སྲིད་ལ་གནས་པའི་གང་ཟག་གི་རྒྱུད་ཀྱི་རྣམ་སྨིན་གྱི་ཕུང་པོར་དམིགས་པ། དེའི་མཚན་ཉིད་ཡིན། སྤྱིར་སྐྱེ་བ་ལ། མངལ་སྐྱེས། སྒོང་སྐྱེས། དྲོད་གཤེར་སྐྱེས། རྫུས་སྐྱེས་དང་བཞི། དེ་ཡིན་ན། མ་སྒྲིབ་ལུང་མ་བསྟན་ཡིན་པས་ཁྱབ། གང་ཟག་ནི་དགྲ་བཅོམ་པའི་རྒྱུད་ལ་ཡང་ཡོད་དོ།། |
{{#arraymap:སྐྱེ་བའི་རྟེན་འབྲེལ་
|; |@@@ | | }}