95199

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 18:51, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྐྱེ་མཆེད་ (1)
Part of speech མིང་ཚིག
Definition མདོ། མངོན་པ། སྐྱེ་མཆེད་ཀྱི་དོན་ནི་སེམས་དང་སེམས་བྱུང་རྣམས་སྐྱེ་ཞིང་མཆེད་པར་བྱེད་པའི་སྒོའོ། །འོ་ན་འདུས་མ་བྱས་སྐྱེ་མཆེད་མ་ཡིན་པར་ཐལ། ཞེ་ན། དམིགས་པར་བྱེད་པའི་སྒོ་ནས་སེམས་དང་སེམས་བྱུང་རྣམས་མཆེད་པར་བྱེད་པའོ་ཞེས་ཀུན་མཁྱེན་རོང་སྟོན་གྱི་མངོན་མཛོད་རྣམ་བཤད་ཤེས་བྱ་རབ་གསལ་ལས་སོ། ། སྐྱེ་མཆེད་ཀྱི་ངོ་བོ་ནི་ཉེར་སྤྱོད་སྐྱེ་བའི་སྒོར་གྱུར་པ་སྟེ། གནས་དང་དམིགས་པ་གང་རུང་གི་སྒོ་ནས་ཉེ་སྤྱོད་སྐྱེ་བའི་སྒོར་གྱུར་པའོ། །འདིར་འབྲས་བུ་རྣམ་པར་ཤེས་པའི་སྐྱེ་མཆེད་མ་བཞག་པ་ནི་ཉེར་སྤྱོད་སྐྱེ་བའི་སྒོ་འབྱེད་པའི་ཆ་ནས་ཡིད་ཀྱི་སྐྱེ་མཆེད་དུ་འདུས་ལ། སྐྱེས་ཟིན་གྱི་ཆ་ནས་སྐྱེ་མཆེད་དུ་འཇོག་པའི་སྐབས་མིན་པའི་ཕྱིར་རོ། །སྐྱེ་མཆེད་ལ་དབྱེ་ན་བཅུ་གཉིས་ཏེ། མིག་སོགས་ནང་གི་སྐྱེ་མཆེད་དྲུག གཟུགས་སོགས་ཕྱིིའི་སྐྱེ་མཆེད་དྲུག་གོ་ཞེེེས་ཀུན་མཁྱེན་གོ་རམས་པའི་ཇི་སྙེད་ཤེས་བྱའི་སྒོ་འབྱེད་ལས་སོ། ། སེམས་དང་སེམས་བྱུང་རྣམས་སྐྱེ་བའི་སྒོར་གྱུར་བའི་དོན་ནི་སྐྱེ་མཆེད་ཀྱི་མཚན་ཉིད་ཡིན་ཏེ། དེ་ལ་མིག་སོགས་དྲུག་ནི་བདག་རྐྱེན་གྱི་ཚུལ་གྱིས་སྐྱེ་བའི་སྒོ་ཡིན་ལ། གཟུགས་སོགས་དྲུག་ནི་དམིགས་རྐྱེན་གྱི་ཚུལ་གྱིས་སྐྱེ་བའི་སྒོ་ཡིན་ནོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། །
Domain ཆོས་ལུགས།

{{#arraymap:སྐྱེ་མཆེད་

|; |@@@ | | }}

སྐྱེ་མཆེད་ (2)
Part of speech མིང་ཚིག
Definition གསོ་རིག ནད་ཀྱི་རྒྱུ་ལས་ནད་སྐྱེད་པར་བྱེད་པའི་རྐྱེན་གསུམ་གྱི་ཡ་གྱལ་ཞིག དེ་ཡང་སྔར་གྱི་རྒྱུ་དེ་ལས་ནད་སྐྱེ་ཞིང་རྒྱ་ཆེར་མཆེད་པར་བྱེད་པས་ན་སྐྱེ་མཆེད་ཅེས་བྱ་ཞིང་། དེ་ནི་གཙོ་བོ་དུས་དང་། དབང་པོ། སྤྱོད་ལམ་རྣམས་དམན་ལྷག་ལོག་པ་ལས་ནད་སྐྱེད་པའི་དོན་ནོ། །

{{#arraymap:སྐྱེ་མཆེད་

|; |@@@ | | }}

སྐྱེ་མཆེད་ (3)
Part of speech མིང་ཚིག
Definition གྲངས་བཅུ་གཉིས་ཏེ། སྐྱེ་མཆེད་ལ་བཅུ་གཉིས་ཡོད་པས་དེ་ལྟར་བཏགས།
Type མངོན་བརྗོད།

{{#arraymap:སྐྱེ་མཆེད་

|; |@@@ | | }}