95201

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 18:51, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྐྱེ་མཆེད་ཀྱི་རྟེན་འབྲེལ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་བཞི་པ་མིང་གཟུགས་གྲུབ་ནས་གཟུགས་ཅན་དབང་པོ་ལྔ་དོད་པའི་སྐབས་ཤིག་ལ་ལྔ་པ་སྐྱེ་མཆེད་ཀྱི་རྟེན་འབྲེལ་ཞེས་བརྗོད། དེ་ཡང་པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་མིང་གཟུགས་འཕེལ་ནས་སྐྱེ་མཆེད་དྲུག་རྫོགས་པར་དོད་པ་ནས་བཟུང་སྟེ། ཡུལ་དབང་རྣམ་ཤེས་གསུམ་འདུས་ནས་ཡུལ་གྱི་འགྱུར་བ་སྤྱོད་མི་ནུས་པའི་བར་གྱི་མིག་རྣ་བ་སྣ་ལྕེ་ལུས་ཡིད་ཀྱི་སྐྱེ་མཆེད་རྣམས་དེའི་ནང་ཚན་དུ་གྱུར་པའི་སྐྱེ་མཆེད་ཡིན་པའི་ཕྱིར། ཡང་པཎ་ཆེན་ཕར་ཕྱིན་མཐའ་དཔྱོད་ལས། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ཟླས་ཕྱེ་བའི་ལྔ་པ་གང་ཞིག ། རྟེན་འབྲེལ་ཚར་གཅིག་པའི་སྔོན་དུས་ཀྱི་སྲིད་པའི་གནས་སྐབས་ཀྱི་རྣམ་སྨིན་གྱི་ཕུང་པོར་དམིགས་པ་དེ། ཡན་ལག་ལྔ་པ་སྐྱེ་མཆེད་གྱི་རྟེན་འབྲེལ་གྱི་མཚན་ཉིད། དབྱེ་ན། མིག་ནས་ཡིད་ཀྱི་སྐྱེ་མཆེད་ཀྱི་བར་དྲུག་ཡོད། ཞེས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:སྐྱེ་མཆེད་ཀྱི་རྟེན་འབྲེལ་

|; |@@@ | | }}

སྐྱེ་མཆེད་ཀྱི་རྟེན་འབྲེལ་ (2)
Part of speech མིང་ཚིག
Definition ཀུན་ནས་ཉོན་མོངས་ཕྱོགས་ཀྱི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་ཡན་ལག་ལྔ་པ་གང་ཞིག སྔོན་དུས་ཀྱི་སྲིད་པ་ལ་གནས་པའི་གང་ཟག་གི་རྒྱུད་ཀྱི་ཟག་བཅས་ཉེར་ལེན་གྱི་ཕུང་པོར་དམིགས་པ། ཀུན་ནས་ཉོན་མོངས་ཕྱོགས་ཀྱི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་ལྔ་པ་སྐྱེ་མཆེད་ཀྱི་རྟེན་འབྲེལ་གྱི་མཚན་ཉིད། དེ་ལ་དབྱེ་ན། ཁོ་རང་ཡིན་པར་གྱུར་པའི་མིག་གི་སྐྱེ་མཆེད་ནས། ཁོ་རང་ཡིན་པར་གྱུར་པའི་ཡིད་ཀྱི་སྐྱེ་མཆེད་ཀྱི་བར་དྲུག་ཡོད་དེ། སྔོན་དུས་ཀྱི་སྲིད་པ་ལ་གནས་པའི་གང་ཟག་གི་རྒྱུད་ཀྱི་ཟག་བཅས་རྣམས་ཀྱི་སྐྱེ་མཆེད་དྲུག་ཀ་དེ་ཡིན་པའི་ཕྱིར། ཕུང་སོགས་གང་ཡིན་དཔྱད་པ། དེར་གྱུར་པའི་གཟུགས་ཀྱི་ཕུང་པོ་དང། སྔར་གྱི་སྐྱེ་མཆེད་དྲུག་པོ་དེའི་ནང་ནས། དང་པོ་ལྔ་གཟུགས་ཕུང་དང། དྲུག་པ་དེ་རྣམ་ཤེས་ཀྱི་ཕུང་པོ་ཡིན། དགེ་སོགས་གང་ཡིན་དཔྱད་པ། དེར་གྱུར་པའི་མཐོང་སྤངས་དང། སྒོམ་སྤངས་གང་རུང་མེད་དེ། དེར་གྱུར་པའི་ཉོན་མོངས་མེད་པའི་ཕྱིར། གནས་སྐབས་གང་དུ་གྲུབ་པ། སྐྱེ་སྲིད་སྐད་ཅིག་ཕྱི་མ་འགག་པ། སྔོན་དུས་ཀྱི་སྲིད་པ་གྲུབ་པ། ལྔ་པ་སྐྱེ་མཆེད་ཀྱི་རྟེན་འབྲེལ་གྲུབ་པ་རྣམས་དུས་མཉམ་པ་ཡིན། སྐྱེ་བ་སྤྱིའི་དབང་དུ་བྱས། མངལ་སྐྱེས་ཀྱི་དབང་དུ་བྱས་ན། མངལ་གྱི་སྐྱེ་མཆེད་ཀྱི་གནས་སྐབས་སུ། ལུས་ཀྱི་དབང་པོ་དང། ཡིད་ཀྱི་དབང་པོ་གཉིས་པ་གྲུབ་ཀྱང། གཟུགས་ཅན་གྱི་དབང་པོ་ཕྱི་མ་བཞི་མ་གྲུབ་པས། དེའི་གནས་སྐབས་སུ་དབང་པོ་ཕྱི་མ་བཞི་མ་གྲུབ་པ། བཞི་པ་མིང་གཟུགས་ཅི་རིགས་པའི་རྟེན་འབྲེལ་འགག་པ། སྔོན་དུས་ཀྱི་སྲིད་པ་གྲུབ་པ། ལྔ་པ་སྐྱེ་མཆེད་ཀྱི་རྟེན་འབྲེལ་གྲུབ་པ་རྣམས་དུས་མཉམ། རྫུས་སྐྱེས་ཀྱི་དབང་དུ་བྱས་ན། ལས་ཉོན་གྱི་རྫུས་སྐྱེས་ཏེ་སྐྱེས་པའི་སྐད་ཅིག་དང་པོར། བཞི་པ་མིང་གཟུགས་ཅི་རིགས་པའི་རྟེན་འབྲེལ་གྲུབ། དེའི་སྐད་ཅིག་གཉིས་པའམ། དེའི་སྐད་ཅིག་གཉིས་པ་ནས། ལྔ་པ་སྐྱེ་མཆེད་ཀྱི་རྟེན་འབྲེལ་གྲུབ་བོ། །རྫུས་སྐྱེས་རྣམས་ཀྱི་སྔོན་དུས་ཀྱི་སྲིད་པ་གྲུབ་པ་དང། མིང་གཟུགས་སྐྱེ་མཆེད་དྲུག་གྲུབ་པ་དུས་མི་མཉམ་སྟེ། དེ་རྣམས་ཀྱི་སྐྱེ་མཆེད་གྲུབ་མ་ཐག་ཏུ་མིང་སོགས་ཀྱི་སྐྱེ་མཆེད་དྲུག་གྲུབ་པའི་ཕྱིར།

{{#arraymap:སྐྱེ་མཆེད་ཀྱི་རྟེན་འབྲེལ་

|; |@@@ | | }}