95255
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། ཕར་ཕྱིན། རང་རྒྱུད་པ། སངས་རྒྱས་འཕགས་པའི་རྒྱུད་ཀྱི་ཟག་མེད་ཡེ་ཤེས་སྡེ་ཚན་ཉེར་གཅིག་གི་ནང་གསེས་གདུལ་བྱ་སྣོད་དང་སྣོད་མིན་དང། ཆོས་སྟོན་པའི་དུས་དང་དུས་མིན་སོགས་མཁྱེན་ནས་གང་ལ་གང་འཚམ་པ་དེ་ལ་དེ་མཚུངས་ཀྱི་ཆོས་སྟོན་པར་མཁས་པའི་མཁྱེན་པ་ཁྱད་པར་ཅན་ཞིག་ལ་འཇོག་པ་ཡིན་ནོ། །དེ་ལྟར་པཎ་ཆེན་གྱི་ཕར་ཕྱིན་རྩ་ཊཱིཀ་ལས། སྐྱེ་བོ་མཐའ་དག་ལ་ཉིན་མཚན་ལན་དྲུག་ཏུ་སུ་ནི་སྨིན་སུ་ནི་མ་སྨིན། སུ་ནི་མངོན་མཐོའི་སྣོད། སུ་ནི་ངེས་ལེགས་ཀྱི་སྣོད་ཅེས་གནས་སྐབས་དང་མཐར་ཐུག་གི་ཕན་པའི་བསམ་པ་ཉིད་ཅེས་བྱ་བ་སྐྱེ་བོ་མཐའ་དག་ལ་དགོངས་པའི་ཐུགས་རྗེ་ཆེན་པོ་ཉིད་དང༌། ཞེས་གསུངས་སོ། ། |
Domain | ཆོས་ལུགས། |
{{#arraymap:སྐྱེ་ལ་ཐུགས་རྗེ་ཆེན་པོ་
|; |@@@ | | }}