95262

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 18:53, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྐྱེ་སེམས་ (1)
Part of speech མིང་ཚིག
Definition མདོ། མངོན་པ། སྐྱེས་སེམས་ནི་སྐྱེ་བའི་སྲིད་པ་ཉོན་མོངས་ཅན་ཞེས་པ་དང་། འཆི་འཕོ་དག་ལས་ཉོན་མོངས་ཀུན་ཞེས་འབྱུང་བས་གང་དུ་སྐྱེས་པའི་ས་པ་དེའི་ཉོན་མོངས་ཅན་གྱི་སེམས་ཡིན་པའི་ཕྱིར་བསྒྲིབས་ལ་ལུང་མ་བསྟན་དང་མི་དགེ་བ་གཉིས་ཡིན་ལ། དེ་ཡང་ས་འོག་མ་ནས་གོང་མར་སྐྱེ་བའི་སྐྱེས་སེམས་ནི་བསྒྲིབས་ལ་ལུང་མ་བསྟན་ཁོ་ན་ཡིན་ཏེ། ཉོན་མོངས་ཅན་ལས་གོང་མ་མིན་ཞེས་འབྱུང་བས་འོག་མའི་ཉོན་མོངས་ཅན་ལས་གོང་མར་སྐྱེ་བ་མི་སྲིད་པའི་ཕྱིར་དང་། གོང་ན་མི་དགེ་བ་མེད་པའི་ཕྱིར་རོ། །གོང་མ་ནས་འོག་མར་སྐྱེ་བའི་སྐྱེས་སེམས་ནི་འདོད་པར་སྐྱེ་ན་མི་དགེ་བ་དང་བསྒྲིབས་པ་ཅི་རིགས་པར་འགྱུར་ལ། ཁམས་གོང་མ་དག་ཏུ་སྐྱེ་ན་བསྒྲིབས་པ་ཁོ་ན་ཡིན་ནོ། །རང་གི་ས་ནས་རང་གི་ས་རུ་སྐྱེ་ན་སྐྱེས་སེམས་ནི་འདོད་པ་ན་ཉོན་མོངས་ཅན་མི་དགེ་བ་དང་བསྒྲིབས་ལ་ལུང་མ་བསྟན་དང་། གོང་མ་ན་བསྒྲིབས་པ་ཁོ་ན་ཡིན་ནོ། །ཟག་མེད་གཉིས་ནི་སྐྱེ་བའི་སེམས་སུ་མི་འགྱུར་ཏེ། དེ་ནི་སྲིད་པའི་གཉེན་པོ་ཡིན་པའི་ཕྱིར་རོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། །
Domain ཆོས་ལུགས།

{{#arraymap:སྐྱེ་སེམས་

|; |@@@ | | }}