95269

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 18:53, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྐྱེ་སྲིད་ (1)
Part of speech མིང་ཚིག
Definition མདོ། མངོན་པ། སྐྱེ་སྲིད་ནི་སྐྱེ་སྲིད་དུ་ཉིང་མཚམས་སྦྱར་མ་ཐག་པའི་སྐད་ཅིག་མ་དེའི་གནས་སྐབས་ཀྱི་སྲིད་པ་ཡིན་ཏེ། སྐྱེ་བའི་སྐད་ཅིག་ཕན་ཆད་དོ། །ཞེས་པའི་ཤུགས་ལས་དེ་ལྟར་དུ་བསྟན་པ་ཡིན་ནོ། །སྐྱེ་སྲིད་དུ་ཉིང་མཚམས་སྦྱར་མ་ཐག་པའི་སེམས་ནི་ཉོན་མོངས་ཅན་དུ་ངེས་ཏེ། ས་གང་དུ་གཏོགས་པ་དེའི་ཉོན་མོངས་ཀུན་གྱིས་ཉོན་མོངས་པ་ཅན་དུ་བྱས་པས་སོ། །དེས་ན་སྐྱེ་སྲིད་ཉིང་མཚམས་སྦྱར་མ་ཐག་པའི་སེམས་ཡིན་ན་ཉོན་མོངས་ཅན་ཡིན་པས་ཁྱབ་པ་གཞུང་གི་དོན་ཡིན་ནོ། །འོན་ཀྱང་སྐྱེ་སྲིད་དུ་ཉིང་མཚམས་སྦྱར་མ་ཐག་པའི་གནས་སྐབས་ཀྱི་ཤེས་པ་ཐམས་ཅད་ཉོན་མོངས་ཅན་དུ་ཁས་མི་ལེན་པ་གནད་ཀྱི་དོན་ནོ་ཞེས་པཎ་ཆེན་ངག་ཆོས་ཀྱི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ལས་སོ། །
Domain ཆོས་ལུགས།

{{#arraymap:སྐྱེ་སྲིད་

|; |@@@ | | }}