95292

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 18:53, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྐྱེད་མོས་ཚུལ་བཅུ་ (1)
Part of speech མིང་ཚིག
Definition ཕལ་ཆེན་ལེའུ་ཞེ་གསུམ་པ་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པ་ལས་བྱུང་བ་སྟེ། ༡ འདི་ལྟར་ཡོངས་སུ་སྐྱོ་བ་མེད་པས་འཁོར་བའི་སྐྱེད་མོས་ཚལ། ༢ མི་དགའ་བ་མེད་པས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་སྐྱེད་མོས་ཚལ། ༣ སྤྱོད་པ་ཆེན་པོ་བསྐྱེད་ཅིང༌། རབ་ཏུ་འཛིན་པས་བསྐལ་པ་ཐམས་ཅད་དུ་ཞེ་ནོན་པའི་སྐྱེད་མོས་ཚལ། ༤ རང་གི་ཁྱིམ་ལྟར་དགའ་བས་འཇིག་རྟེན་གྱི་ཁམས་ཡོངས་སུ་དག་པའི་སྐྱེད་མོས་ཚལ། ༥ བདུད་ཀྱི་ཡུལ་མངོན་པར་འདུལ་བས་བདུད་ཀྱི་ཁྱིམ་ཐམས་ཅད་ཀྱི་སྐྱེད་མོས་ཚལ། ༦ ཚུལ་བཞིན་དུ་རབ་ཏུ་རྟོགས་པས་ཇི་སྐད་དུ་ཐོས་པའི་ཆོས་རྟོགས་པར་གཞོག་པའི་སྐྱེད་མོས་ཚལ། ༧ བདག་གི་ཕའི་ཡུལ་ལ་སྤྱོད་པས་ཕ་རོལ་ཏུ་ཕྱིན་པ་དྲུག་དང༌། བསྡུ་བའི་དངོས་པོ་བཞི་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་སྐྱེད་མོས་ཚལ། ༨ ཆོས་གཞན་ཡིད་ལ་མི་བྱེད་པས་དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང༌། མདོར་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་སྐྱེད་མོས་ཚལ། ༩ མྱ་ངན་ལས་འདས་པ་ཆེན་པོའི་རྒྱན་གྱིས་རྣམ་པར་གདུལ་བ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བ་མི་གཏོང་བས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པ་དང༌། རྣམ་པར་རྩེ་བ་དང༌། བྱིན་གྱི་རླབས་ཡོངས་སུ་བསྟན་པའི་སྐྱེད་མོས་ཚལ། ༡༠ འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཆོས་ཀྱི་ལུས་ཀྱིས་རྒྱས་པར་འགེངས་ཤིང༌། ནམ་མཁའི་དབྱིངས་དང་མཉམ་པ་ཉིད་དུ་རྟོགས་པས་སེམས་ཀྱི་སྐད་ཅིག་ཐམས་ཅད་ལ་མངོན་པར་རྫོགས་པར་འཚང་རྒྱ་བ་དང་མི་འབྲལ་བ་འགྲོ་བ་ཐམས་ཅད་དུ་བསྟན་པའི་སྐྱེད་མོས་ཚལ་ལོ། །
Domain ཆོས་ལུགས།

{{#arraymap:སྐྱེད་མོས་ཚུལ་བཅུ་

|; |@@@ | | }}