95355

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 18:54, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྐྱེས་ཐོབ་ཀྱི་ལྷའི་རྣ་བའི་མངོན་ཤེས་ (1)
Part of speech མིང་ཚིག
Definition མདོ། མངོན་པ། བསྒོམས་སྟོབས་ཀྱིས་མིན་པར་སྐྱེས་སྟོབས་ཀྱིས་ཐོབ་པའི་ལྷའི་རྣ་བའི་མངོན་ཤེས་ཏེ། དེ་ལྷའི་རྣ་བའི་མངོན་ཤེས་དངོས་ནི་མིན་ཏེ། སེར་སྨད་རྒྱལ་དབང་མཛོད་ལས། མིག་དང་རྣ་བའི་མངོན་ཤེས་དངོས་ནི་སྒོམ་བྱུང་ཡིན་ལ་རྗེས་མཐུན་པ་ལ་སྐྱེས་ཐོབ་དང་། ལས་ལས་བྱུང་བ་ཡོད་ཀྱི། སྨན་དང་སྔགས་དང་རྟོག་གེས་བྱས་པ་ནི་མེད་དོ། །ཞེས་དང་། གཞན་ཡང་ལྷའི་མིག་དང༌། རྣ་བའི་མངོན་ཤེས་དང༌། སྔོན་གནས་རྗེས་དྲན་དང༌། ཕ་རོལ་སེམས་ཤེས་བཞི་རྗེས་མཐུན་པ་ལ་ཡང་སྐྱེས་ཐོབ་སོགས་ཡོད་ཀྱང་མངོན་ཤེས་དངོས་གནས་པ་ནི་མ་ཡིན་ཏེ། འགྲེལ་པ་མངོན་པའི་རྒྱན་ལས། སྐྱེས་ཐོབ་ཀྱིས་ནི་ཅུང་ཟད་ཀྱང་མངོན་ཤེས་ཀྱི་མིང་མི་ཐོབ་བོ། །ཞེས་གསུངས་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།

{{#arraymap:སྐྱེས་ཐོབ་ཀྱི་ལྷའི་རྣ་བའི་མངོན་ཤེས་

|; |@@@ | | }}