95575

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 18:59, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྐྱོན་མེད་པ་བཅུ་ (1)
Part of speech མིང་ཚིག
Definition ཕལ་ཆེན་ལེའུ་ཞེ་གསུམ་པ་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པ་ལས་བྱུང་བ་སྟེ། ༡ འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་མངོན་པར་བསྒྲུབ་ལ། སེམས་ཅན་ཐམས་ཅད་ལ་ཡང་རྣམ་པར་ལྟ་བ། ༢ ལྟ་བའི་རྣམ་པ་ཐམས་ཅད་དང་ཡང་བྲལ་ལ། ལྟ་བའི་བཅིང་བས་གླགས་པ་ཐམས་ཅད་ཀྱང་རབ་ཏུ་འགྲེལ་པ། ༣ མཚན་མ་ཐམས་ཅད་ཀྱང་ཡིད་ལ་མི་བྱེད་ལ། མཚན་མ་ལ་མངོན་པར་དགའ་བའི་སེམས་ཅན་ཐམས་ཅད་ཀྱང་མི་འདོར་བ། ༤ ཁམས་གསུམ་པ་ཐམས་ཅད་ལས་ཡང་དག་པར་འདས་ཏེ། འཇིག་རྟེན་གྱི་ཁམས་ཀྱི་གནས་ཐམས་ཅད་ན་གནས་པ། ༥ ཉོན་མོངས་པ་རྣམས་ཀྱང་རྣམ་པར་བཟློག་ལ། སེམས་ཅན་རྣམས་དང་ཡང་ཕྲད་ཅིང་འགྲོགས་པ། ༦ ཆོས་རྣམས་ལ་ཡང་འདོད་ཆགས་དང་བྲལ་ལ། སེམས་ཅན་ཐམས་ཅད་ལ་ཡང་སྙིང་རྗེ་ཆེན་པོས་བྱམས་པ། ༧ དངོས་པོ་ཐམས་ཅད་ཀྱིས་ཀྱང་དབེན་ལ། འཁོར་ཐམས་ཅད་ཀྱང་ཡོངས་སུ་སྟོན་པ། ༨ འཇིག་རྟེན་གྱི་ཁམས་ལས་ཀྱང་གྱེན་དུ་འཕགས་ལ། སྐྱེ་ཞིང་འཕོ་བའི་སྤྱོད་པ་ཡང་མངོན་པར་བསྒྲུབ་པ། ༩ འཇིག་རྟེན་གྱི་ཆོས་ཐམས་ཅད་ཀྱིས་ཀྱང་མ་གོས་ལ། འཇིག་རྟེན་གྱི་བྱ་བ་ཐམས་ཅད་ལ་ཡང་ཐོགས་པ་མེད་པ། ༡༠ སངས་རྒྱས་ཀྱི་བྱང་ཆུབ་ཀྱང་མངོན་དུ་གྱུར་ལ། སྤྱོད་པ་དང་། སྨོན་ལམ་ཆེན་པོའི་ཉི་མ་ཡང་རྒྱུན་མི་གཅོད་པའོ། །
Domain ཆོས་ལུགས།