95586

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 18:59, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྐྱོན་ཡོད་མེད་ཀྱི་སྦྱིན་པ་རྣམ་པ་བརྒྱད་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ། སྦྱིན་པ་ལེ་ལོས་ཉམས་པར་གྱུར་པའི་ཕྱིར། སྐྱོན་དང་བཅས་པའང་ཡོད། ཟང་ཟིང་གི་སེམས་དབུལ་གྱིས་འཇིགས་པ་དང༌། དབང་ཕྱུག་འདོད་དེ་མི་འདོད་བཞིན་དུ་བྱེད་པས་སྐྱོན་དང་བཅས་པའང་ཡོད། འདས་པ་ལ་ལྟ་བའི་ཕྱིར་སྐྱོན་དང་བཅས་པའང་ཡོད། མ་འོངས་པ་ལ་མངོན་པར་དགའ་བའི་ཕྱིར་སྐྱོན་དང་བཅས་པའང་ཡོད། བརྙས་པའི་སྐྱོན་གྱིས་སྐྱོན་དང་བཅས་པའང་ཡོད། གྲགས་པ་འདོད་པའི་སྐྱོན་གྱིས་སྐྱོན་དང་བཅས་པའང་ཡོད། ལོངས་སྤྱོད་འདོད་པའི་ཕྱིར་སྐྱོན་དང་བཅས་པའང་ཡོད། གཉིས་པ་སྐྱོན་མེད་པ་གཅིག་པུ་ནི། ཟང་ཟིང་མེད་པའི་སེམས་ཀྱིས་ཡོངས་སུ་མྱ་ངན་ལས་འདས་པར་བསྔོས་ལ། དེའི་ཚོགས་སུ་ཡང་གྱུར་བཞིན་དུ་བདེ་འགྲོར་ཡང་འགྲོ་བ་དང༌། ལོངས་སྤྱོད་ཆེན་པོར་ཡང་འགྱུར་བའོ། །
Domain ཆོས་ལུགས།