95750

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 19:02, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྒ་ཏིག་དམར་བོ་ (1)
Part of speech མིང་ཚིག
Definition ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་ཕྲ་ལ་ཨ་ར་འདྲ་བའི་རྩྭ་ཕྲན་ཡིན་པ་དང༌། ལོ་མ་སྔོ་སྐྱ་ཐུང་བ་སུམ་ཏིག་གི་ལོ་མ་ལྟར་གཞི་རྩ་ནས་འཁོར་ཏེ་སྐྱེ་བ། ལོ་མའི་མདུན་སྔོ་ལ་རྒྱབ་སྐྱ་བའི་མཐའ་མཉམ་པ། མེ་ཏོག་གི་སྡོང་རྐང་ཕྲ་ལ་འདྲོང་བ་གཅིག་གམ་གཉིས་པདྨའི་གདན་ལྟར་སྐྱེ་བའི་ལོ་མ་རྣམས་ཀྱི་དབུས་ནས་འདྲོང་པོར་སྐྱེ་བའི་རྩེར་མེ་ཏོག་དམར་ཆུང་མང་པོ་གདུགས་དབྱིབས་སུ་འཆར་བ། བོད་ཀྱི་ས་བབ་ཅུང་དམའ་བའི་ཤིང་ནགས་ཁུལ་དུ་སྐྱེ་བ་བཅས། བོད་ཟླ་དྲུག་པའི་ནང་རྩ་ལོ་མེ་ཏོག་ལྷན་ཅིག་བཏུས་ཏེ་གཙང་མ་བཟོས་རྗེས་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་ཁ་ལ་ཅུང་ཚ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་བས་དམུ་རྫིང་ནད་དང༌། ཆུ་སེར་འདྲེན་པར་བྱེད་པ་ཡིན།