95788

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 19:02, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྒང་ (1)
Part of speech མིང་ཚིག
Definition དུས་གཟེར་གྱི་ཡ་གྱལ་ཞིག་སྟེ། ཁྱིམ་སླེབ་ཉིན་ནས་བགྲང་བའི་ཞག་བདུན་པའི་སྐབས་སུ་འབྱུང་ལ། ཁྱིམ་རེ་རེ་ལ་སྒང་རེ་རེ་ཡོད་པས་སྤྱིར་ལོ་གཅིག་ལ་སྒང་བཅུ་གཉིས་ཡོད། དེ་ཡང་ས་གཞིར་འཁོར་བའི་གོ་ལའི་དབང་དུ་བྱས་པ་ཡིན་པས་ཟླ་ལྷག་ཡོད་མེད་ལ་ལྟོས་པ་མ་ཡིན་ནོ། །རིགས་ལྡན་སྙིང་ཐིག་ལས། དབུགས་ཐོབ་ཁྱིམ་སླེབ་སྒང་འཆར་ཚུལ། །ཞེས་བྱུང་།
Domain རྩིས་རིག
སྒང་ (1)
Part of speech རྒྱན་ཚིག
Definition ས་ངོས་ནས་འབུར་དུ་ཐོན་པའི་ས་ཆ་མཐོ་སའི་ཕྱོགས་སམ་རི་རྒྱུད།
Keyword True
Example རི་སྒང་ལ་སོང་ནས་ལྟད་མོ་བལྟས། ས་སྒང་ལ་བུད་ནས་ཀི་བཏབ་ལྟ་བུ།
Antonyms གཤོང་།
སྒང་ (2)
Part of speech རྒྱན་ཚིག
Definition སའི་གོ་ལའི་ས་འབུར་མཐོ་ཤོས་ཀྱི་ཕྱོགས།
Example སྒང་བ་བོད་པ། མཐོ་སྒང་གི་མི། མདོ་དབུས་མཐོ་སྒང་ལྟ་བུ།
སྒང་ (3)
Part of speech རྒྱན་ཚིག
Definition སྟེང་གི་དོན།
Example ཁྲིའི་སྒང་ན་བླ་མ་བཞུགས། མདུན་ཅོག་སྒང་ལ་དཔེ་ཆ་བཞག ཉལ་ཁྲིའི་སྒང་ནས་མི་ཉལ་ལྟ་བུ།
སྒང་ (1)
Part of speech གྲོགས་ཚིག
Definition བྱ་ཚིག་འགའ་ཞིག་གི་མཐར་སྦྱར་ན་བྱ་བ་དེ་བྱེད་བཞིན་པའི་སྐབས་སྟོན་བྱེད་ཀྱི་ཚིག་ཅིག
Example སྐད་ཆ་བཤད་པའི་སྒང་ལ་ཁོང་སླེབས་སོང། ཞིང་འདེབས་པའི་སྒང་ཡིན། ཁ་ལག་ཟ་བའི་སྒང་ལྟ་བུ།