95797
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཟླ་བཤོལ་འདོན་ལུགས་གཉིས་ཀྱི་ཡ་གྱལ་ཞིག་སྟེ། དབུགས་སྒང་ཁྱིམ་གསུམ་ལས་གཙོ་བོ་སྒང་ལ་ལྟོས་ཏེ་ཟླ་བཤོལ་འདོན་ལུགས་དེ་ལ་ཟེར། དེ་ཡང་ཉི་མའི་བགྲོད་གཉིས་སམ་དབྱར་དགུན་སོགས་དུས་ཚིགས་གཙོར་འདོན་གྱི་སྒོ་ནས་བཞག་པའི་ལོ་དེ་དང་ཚེས་ཟླ་གཉིས་ལྷན་དུ་གཤིབ་ཚེ་ཚེས་ཟླ་རེ་ལྔ་ཁ་གང་ཚེ་དུས་ཚིགས་ཀྱི་ཟླ་བ་རེ་ལྔ་མ་ལོངས་ཕྱིར་དེ་དང་འཕོ་མཚམས་འགྲིག་ཆེད་དུ་ངག་གི་རྩི་སྟངས་ལ་ཟླ་བ་གཅིག་ཐེབས་པར་བགྲང་དགོས་ཡོད། རིགས་ལྡན་སྙིང་ཐིག་ལས། དུས་བཞི་མི་འགྱུར་གནད་ཀྱི་གཟེར། །དབུགས་ཐོབ་ཁྱིམ་སླེབས་སྒང་འཆར་ཚུལ། །ཞེས་དང་། གནམ་སྟོང་དག་ལ་སྒང་ཤར་ན། །ཟླ་བ་དེ་ཉིད་བརྩེགས་པ་དང་། །སྒང་བྲལ་ཟླ་བ་ལྷག་པར་འདོད། །ཚེས་གཅིག་སྒང་ཤར་ཕྱི་མར་བཤོལ། །ཞེས་གསུངས། ། |
| Domain | རྩིས་རིག |