From Rangjung Yeshe Wiki - Dharma Dictionary
< Dictionaries | Monlam Grand(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
སྒོ་གསུམ་ (1)
| Part of speech
|
མིང་ཚིག
|
| Definition
|
ལུས་ངག་ཡིད་གསུམ།
|
སྒོ་གསུམ་ (2)
| Part of speech
|
མིང་ཚིག
|
| Definition
|
སྔགས། ཨ་ནུ་ཡོ་ག གྲོང་ཁྱེར་གསུམ་གྱི་ཆེད་དུ་སྣང་བའི་གཟུངས་ཀྱི་སྒོ་དང། རིག་པའི་སྒོ་དང། གསང་བའི་སྒོ་བཅས་གསུམ་སྟེ། མདོ་དགོངས་པ་འདུས་པའི་ལེའུ་སོ་དགུ་པ་ལས། ལངྐའི་བདག་པོ་གྲོང་ཁྱེར་གསུམ་གྱི་ཆེད་དུ་སྒོ་གསུམ་སྣང་བ་ནི། འདི་ལྟ་སྟེ། གཟུངས་བའི་སྒོ་དང་། རིག་པའི་སྒོ་དང་། གསང་བའི་སྒོའོ། །ཞེས་དང་། གཟི་ལྡན་འཆར་ཁའི་འོད་སྣང་ལས། གྲོང་ཁྱེར་གསུམ་གྱི་ཆེད་དུ་སྒོ་གསུམ་སྣང་བ་ནི། འདིིི་ལྟ་སྟེ། འདོད་ཁམས་ལ་མ་ཧཱ་ཡོ་ག་ཡེ་ནས་གཉིས་སུ་མེད་པའི་ངང་ལས་མི་འབྲལ་བས་གཟུངས་ཀྱི་སྒོ་སྣང་བ་དང༌། གཟུགས་ཁམས་ལ་ཨ་ནུ་ཡོ་ག་དེའི་དོན་ཇི་ལྟར་གནས་པ་མཐོང་བས་རིག་པའི་སྒོ་དང༌། གཟུགས་མེད་ལ་ཨ་ཏི་ཡོ་ག་དེ་ཉིད་མངོན་དུ་བྱས་པའི་དོན་སྨྲར་མེད་པའི་ཕྱིར་གསང་བའི་སྒོ་སྟེ། རྣལ་འབྱོར་གསུམ་གྱི་དོན་དུའང་འགྱུར་བས། ཁམས་གསུམ་ལ་སྣང་བ་ནི་རིམ་པ་ཇི་བཞིན་དུའང་སྦྱར་བར་བྱའོ། །ཞེས་གསུངས།
|
| Domain
|
ཆོས་ལུགས།
|
སྒོ་གསུམ་ (3)
| Part of speech
|
མིང་ཚིག
|
| Definition
|
སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པ་ལས་གསུངས་པའི་བྱ་བ་བྱེད་པ་སྤྱོད་པའི་གདམས་ངག་གསུམ་གྱི་ནང་གསེས་སྒོ་གསུམ་ལ་མཁས་པར་བྱ་བ་ཞེས་པའི་སྐབས་ནས་བསྟན་པའི་སྒོ་གསུམ་གྱི་རྩི་ཚུལ་ཁག་གསུམ་སྟེ། ༡. དཀའ་ཐུབ་སྡོམ་པའི་སྒོ་སྤྱོད་པ་དང། རྟོགས་པ་ཤེས་རབ་ཀྱི་སྒོ་ལྟ་བ་དང། གོམས་པ་ཏིང་ངེ་འཛིན་གྱི་སྒོ་སྒོམ་པ་བཅས་བསླབ་པ་ཤེས་པར་བྱ་བའི་ཕྱིར་བསྟན་པའི་སྒོ་གསུམ་སྟེ། མདོར་ན་ལྟ་སྒོམ་སྤྱོད་གསུམ་དང། ༢. རྩོལ་བས་འཇུག་པའི་སྒོ་དང། གྲུབ་པ་ཐབས་ཀྱི་སྒོ་དང། མཐར་ཕྱིན་འབྲས་བུའི་སྒོ་བཅས་གོལ་ས་ཤེས་པར་བྱ་བའི་ཕྱིར་བསྟན་པའི་སྒོ་གསུམ་དང། ༣. སྟོང་པ་ཉིད་ཀྱི་རྣམ་པར་ཐར་པའི་སྒོ་དང། མཚན་མ་མེད་པའི་སྒོ་དང། སྨོན་པ་མེད་པའི་སྒོ་བཅས་སྤྱིར་ཤེས་པར་བྱ་བའི་ཕྱིར་རྣམ་པར་ཐར་པའི་སྒོ་གསུམ་མོ། །
|
སྒོ་གསུམ་ (4)
| Part of speech
|
མིང་ཚིག
|
| Definition
|
གསང་སྔགས་གསང་བའི་མཛོད་དུ་གཞུག་འདོད་པ་དག་ལ་འཇུག་སྒོ་རྣམ་པ་གསུམ་གསུངས་པའི་སྒོ་གསུམ་སྟེ། སྤྱོད་པའི་འདྲེན་སྒོ་དང། ཐབས་ཀྱི་སྦྱོར་སྒོ་དང། ངེས་པའི་གསང་སྒོ་བཅས་གསུམ་མོ། །མདོ་དགོངས་པ་འདུས་པ་ལེའུ་ཞེ་ལྔ་པ་ལས། ལངྐའི་བདག་པོ། ཆོས་ཀྱི་རྣམ་གྲངས་བཅུ་པོ་དེ་དག་ལས་དང་པོ་དམ་པ་རྣམས་ཀྱི་མཛོད་དུ་འཇུག་པར་བྱ་ན་སྒོ་གསུམ་ནས་ཞུགས་པས་གང་མེད་ལ་མི་ཟད་པའི་མཛོད་དུ་འཇུག་པ་ཉིད་དོ། །སྨྲས་པ། གསང་བ་པའི་བདག་པོ་སྒོ་གསུམ་གང་ལགས། སྨྲས་པ། ལངྐའི་བདག་པོ། སྒོ་གསུམ་འདི་ལྟ་སྟེ། སྤྱོད་པས་འདྲེན་པའི་སྒོ་དང༌། ཐབས་ཀྱི་སྦྱོར་སྒོ་དང༌། ངེས་པའི་གསང་སྒོ་དང་གསུམ་མོ། །ཞེས་གསུངས་སོ། །
|