95965

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 19:06, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྒོ་བ་བཅུ་དྲུག་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་རྒྱུད། སྒོ་ཕྱི་མ་བཞིའི་དབུས་དང་གཡས་གཡོན་གཉིས་རྒྱབ་རྣམས་སུ་ཉི་མའི་དཀྱིལ་འཁོར་རེ་རེ་སྟེ་བཅུ་དྲུག་གི་སྟེང་དུ། རྩ་བའི་རིག་པ་སྦྲུལ་འཁྱིལ་པ་ལྟ་བུ་བཅུ་དྲུག་ཡོངས་སུ་གྱུར་པ་ལས། ཤར་སྒོར་ཁྲོ་བོ་འཇིག་རྟེན་གསུམ་སྣང་། དེའི་གཡས་སུ་བདུད་རྩི་འཁྱིལ་པ། གཡོན་དུ་དུས་ཀྱི་སྲིན་མོ། རྒྱབ་ཏུ་དུས་ཀྱི་ལྕགས་ཀྱུ་མ། ལྷོ་སྒོར་ཁྲོ་བོ་འཇིག་རྟེན་གསུམ་འདུལ། དེའི་གཡས་སུ་དབྱུག་སྔོན་ཅན། གཡོན་དུ་དུས་ཀྱི་དབྱུག་པ་ཅན། རྒྱབ་ཏུ་དུས་ཀྱི་ཞགས་པ་མ། ནུབ་སྒོར་ཁྲོ་བོ་འཇིག་རྟེན་གསུམ་འཆིང་། དེའི་གཡས་སུ་མི་གཡོ་བ། གཡོན་དུ་དུས་ཀྱི་མཚན་མོ། རྒྱབ་ཏུ་དུས་ཀྱི་ལྕགས་སྒྲོག་མ། བྱང་སྒོར་ཁྲོ་བོ་འཇིག་རྟེན་གསུམ་འཇིག དེའི་གཡས་སུ་རྟ་མགྲིན། གཡོན་དུ་དུས་ཀྱི་གནོད་སྦྱིན་མོ། རྒྱབ་ཏུ་དུས་ཀྱི་དྲིལ་བུ་མ་རྣམས་སྐུ་མདོག་མ་ངེས་པ། དབུ་དང་ཕྱག་མཐའ་ཡས་པ། སྦྲུལ་དང་མི་སྡུག་པའི་རྒྱན་གྱིས་བརྒྱན་པའོ། །ཡང་ན་ཐམས་ཅད་སྐུ་མདོག་ནག་པོ། ཕོ་བརྒྱད་གཡས་རལ་གྲི་འཕྱར་བའི་ཚུལ་དང་། གཡོན་ཐོད་པ་ཐུགས་ཀར་འཛིན་པ། གཡོན་བརྐྱང་བས་བཞུགས་པ། གཡོན་གྱི་མོ་བཞི། གཡས་གྲི་གུག་དང་། གཡོན་ཐོད་པ། རྒྱབ་ཀྱི་བཞི། ལྕགས་ཀྱུ་སོགས་ནང་སྒོ་བའི་ཕྱག་མཚན་ཅན་དུ་རྩ་སྐྱ་བ་བཞེད་དོ་ཞེས་འཇམ་མགོན་ཨ་མེས་ཞབས་ཀྱི་ཀུན་རིག་གི་ཆོ་ག་གཞན་ཕན་ལྷུན་གྲུབ་ལས་སོ། ། ༢ སླར་ཡང་ཐུགས་ཀར་རྩ་རིག་དང་ཕྱོགས་མཚམས་ལ་སོགས་པའི་གནས་བཅུ་དྲུག་ཏུ་རྩ་རིག་བཅུ་དྲུག་སྦྲུལ་འཁྱིལ་དུ་བཀོད་པ་ལས་འོད་ཟེར་སྤྲོ་བསྡུ་བྱས་ནས་ཁྲོ་བོ་བཞི་སོགས་བསྐྱེད་ནས་སྒོ་ཕྱི་མ་བཞིའི་དབུས་སུ་ཁྲོ་བོ་བཞི། གཡས་སུ་མངགས་པ་བཞི། གཡོན་དུ་ཕོ་ཉ་བཞི། རྒྱབ་ཏུ་བྲན་བཞི་སྟེ་ཐམས་ཅད་ཀྱང་དབུ་མཐའ་ཡས་པ་ཕྱག་མཐའ་ཡས་པས་མཚོན་ཆ་སྣ་ཚོགས་འཛིན་པ། སྦྲུལ་དང་མི་སྡུག་པའི་རྒྱན་གྱིས་བརྒྱན་པར་བཀོད། བྲི་བྱ་ལ་ཁྲོ་བོ་བཞི་ཧཱུྃ་མཛད་ཀྱི་ཕྱག་རྒྱས་རྡོར་དྲིལ་འཛིན་པ། མངགས་པ་བཞི་རལ་གྲི་དང་ཐོད་པ་འཛིན་པ། ཕོ་ཉ་བཞི་གྲི་གུག་དང་ཐོད་པ་འཛིན་པ། བྲན་བཞི་ཤར་ལྕགས་ཀྱུ། ལྷོར་ཞགས་པ། ནུབ་ཏུ་ལྕགས་སྒྲོག བྱང་དུ་དྲིལ་བུ་རྣམས་གཡས་པས་འཛིན་ཅིང་གཡོན་ཐུགས་ཀར་སྡིགས་མཛུབ་མཛད་པའོ། །སྐུ་མདོག་མ་ངེས་པ་ཞེས་པ། ནག་པོར་ངོར་ཆེན་རྡོ་རྗེ་འཆང་གིས་གསུངས་ལ། ཇོ་བོ་རྗེས་ཐམས་ཅད་སྐུ་མདོག་སྔོ་ནག་རབ་ཏུ་ཁྲོས་པ་གཡོན་ཐོད་པ་གཡས་མཚོན་ཆ་སྣ་ཚོགས་འཛིན་པ་གསུངས་པས་གང་བྱས་ཀྱང་ཆོག་པར་སེམས། དེ་རྣམས་ཁྲོ་བོ་དང་བྲན་དང་ཕོ་ཉ་དང་མངགས་པས་འདུལ་བའི་སེམས་ཅན་ལ་དེ་དང་དེ་དག་གི་རྣམ་པས་དོན་མཛད་པའོ་ཞེས་ཤར་བླ་མའི་རྣམ་བཤད་གཞན་ཕན་མཛེས་རྒྱན་ལས་སོ། །
Domain ཆོས་ལུགས།

{{#arraymap:སྒོ་བ་བཅུ་དྲུག་

|; |@@@ | | }}