96049

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 19:08, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྒོང་ཐོག་པ་ (1)
Part of speech མིང་ཚིག
Definition ལོ་གཉིས་རེར་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་སེར་སྐྱ་སྙུང་རིལ་དབྱིབས་ཐུང་བར་ཨ་ར་འདྲ་བའི་རྩྭ་ཕྲན་ཐར་ཐོར་ཡོད་པ་དང༌། སྡོང་པོ་རྐང་གཅིག་ཕྲ་ལ་རིང་ཞིང་འདྲོང་པོར་སྐྱེ་ལ་སྟོད་ཆ་ནས་ཡལ་ག་གསུམ་བཞི་ཙམ་གྱེས་ཤིང༌། ལོ་མ་ལྗང་སྐྱ་སྲོ་ལོ་སྨུག་པོའི་ལོ་མ་འདྲ་བར་གཞི་རྩ་ནས་ཆུན་པོར་སྐྱེ་བ་དང༌། སྡོང་པོའི་སྡེབས་སུ་ལོ་མ་ཅུང་ཕྲ་བ་ཕན་ཚུན་རེ་མོས་སུ་སྐྱེ་བ། མེ་ཏོག་སེར་པོ་པད་ཁའི་མེ་ཏོག་འདྲ་བ་སྡོང་པོ་དང་ཡལ་གའི་མཚམས་ནས་འཆར་ཞིང༌། གང་བུ་ཕྲ་ལ་རིང་བ་པད་ཁའི་གང་བུ་འདྲ་བའི་ནང་དུ་འབྲུ་གུ་སེར་ཞིབ་མང་པོ་ཡོད་པ་དག་ལ་སེར་པོ་གློ་ཆོད་ཟེར་བ་བཅས། བོད་ཀྱི་ས་གནས་ཕལ་ཆེ་བའི་སྐམ་ཤས་ཆེ་བའི་འགྲམ་ཐང་དང༌། ཞིང་ཁའི་མུ། བྱེ་ཐང་སོགས་སུ་སྐྱེ་བ་མང༌། བོད་ཟླ་བདུན་པ་ཙམ་ལ་འབྲས་བུ་བཏུས་ཏེ་སྐམ་ཐོག་འབྲུ་གུ་བླངས་ཏེ་གཙང་མ་བཟོས་ནས་སྨན་དུ་སྤྱོད་རྒྱུ། རོ་བསྐ་ལ་མངར་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་ལ་རྩུབ་པས་ཤ་དུག་ཕོག་པ་དང༌། འཁྲུགས་ཚད། གློ་བའི་ནད། ཁྲག་ཚད་སོགས་ལ་ཕན་པ་ཡིན།