96083

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 19:08, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྒོམ་པའི་དམ་ཚིག་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། ལྟ་བ་རྟོགས་པའི་དོན་དེར་སེམས་རྩེ་གཅིག་ཏུ་གནས་ཤིང་དེ་ལས་གཞན་དུ་མི་གཡོ་བ་དེ་ལ་བྱ་སྟེ། འགུ་ཡ་ལས། ལྟ་བ་རྟོགས་ཤིང་ཏིང་འཛིན་གྱིས། །གོམས་པ་བྱེད་པ་དེ་ཡི་ཕྱིར། །ཡང་དག་རྫོགས་པའི་སངས་རྒྱས་དང་། །སྤྱོད་ཡུལ་རབ་ཏུ་གཅིག་པའོ། །དེ་ནི་སྒོམ་པའི་དམ་ཚིག་གོ ། ཞེས་པས། དེ་ཡང་སངས་རྒྱས་ཀྱི་དགོངས་སྤྱོད་ཀྱི་ཡུལ་དང་དབྱེར་མེད་པའི་ལྟ་དགོངས་ཟབ་མོའི་དོན་རྟོགས་ཤིང་དེ་ཉིད་བློ་ལ་གོམས་འདྲིས་བྱེད་པའི་ཕྱིར་དུ་དོན་དེར་སེམས་རྩེ་གཅིག་ཏུ་གནས་ཤིང་སྐྱོང་བ་ལ་སྒོམ་པའམ་སྒོམ་པ་ལས་མི་འདའ་བ་ཞེས་བྱའོ། །
Domain ཆོས་ལུགས།