96100
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། རྫུ་འཕྲུལ་ལྔའི་ནང་གསེས་ཤིག་སྟེ། དེ་ནི་སྒོམ་བྱུང་གི་སྤྲུལ་པ་དང་དོན་གཅིག་སྟེ། སེར་སྨད་རྒྱལ་དབང་མཛོད་ལས། རྫུ་འཕྲུལ་ལ་ཡང་དངོས་དང་རྗེས་མཐུན་གྱི་སྒོ་ནས་ཕྱེ་ན་ལྔ་སྟེ། སྒོམ་བྱུང་དང༌། སྐྱེས་ཐོབ་དང༌། སྔགས་ལས་སྐྱེས་པ་དང༌། སྨན་ལས་སྐྱེས་པ་དང༌། སྲིད་པ་བར་མའི་རྫུ་འཕྲུལ་ལྟ་བུ་ལས་ལས་སྐྱེས་པ་དང་ལྔའོ། །དེ་དག་ལས་སྒོམ་བྱུང་གི་རྫུ་འཕྲུལ་ནི་རྫུ་འཕྲུལ་དངོས་ཡིན་ལ། གཞན་རྣམས་ནི་རྗེས་མཐུན་པའོ། །ཞེས་གསུངས། |
| Domain | ཆོས་ལུགས། |