96104
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། སྐྱེས་ཐོབ་ཀྱིས་མིན་པར་བསྒོམས་པ་ལས་སྐྱེས་པའི་སྤྲུལ་སེམས་ཏེ། དེ་ནི་ལུང་མ་བསྟན་ཁོ་ན་ཡིན་པ་མ་ཟད། སྤྲུལ་སེམས་དང་དོན་གཅིག་སྟེ། མཛོད་ལས། བསྒོམས་ལས་སྐྱེས་པ་ལུང་མ་བསྟན། །ཞེས་དང་། སེར་སྨད་རྒྱལ་དབང་མཛོད་ལས། འདི་དག་གི་ཚེ་གོང་འོག་མ་འབྲེལ་བ་ལྟ་བུར་སྨྲ་དགོས་པ་ཡང་རང་གི་གྲུབ་མཐའ་ཡིན་ལ། སྐབས་ཐོབ་ཁས་ལེན་འཛིན་མི་བདེ་བ་ལྟ་བུར་སྣང་བའང༌། གཅིག་ཏུ་རང་གི་གྲུབ་མཐས་ཀུན་བརྟགས་པའི་སྐྱོན་དང༌། ཕལ་ཆེར་ཚིག་སྐྱོན་མ་བཅད་པར་གཞུང་ཆེན་མོའི་སྤམ་བཤད་ལྟར་ཁས་ལེན་པའི་སྐྱོན་དུ་སྣང་བས། དེས་ན་ཚིག་སྐྱོན་བཅད་ནས་ཁས་ལེན་མ་འཆོལ་པར་བྱེད་ན། སྐྱེས་ཐོབ་ཀྱི་སྤྲུལ་སེམས་དང་སྤྲུལ་པ་རྣམས་དེ་དང་དེ་རྗེས་མཐུན་པའམ་བཏགས་པ་ཡིན་པ་ལས་དེ་དང་དེ་དངོས་མ་ཡིན་པར་འདོད་ན་སྔ་ཕྱི་ཐམས་ཅད་མི་འགལ་བའི་ཁས་ལེན་བདེ་བར་མ་ཟད། འོག་ནས་འཆད་འགྱུར་གྱི་རྫུ་འཕྲུལ་དང་མངོན་ཤེས་སོགས་ཀྱང་འདི་དང་མཚུངས་པར་འདོད་དགོས་སུ་སྣང་བས་དོན་ལ་ཡང་དེ་ལྟར་ཡིན་འདྲ་སྙམ་མོ། །ཞེས་གསུངས། |
| Domain | ཆོས་ལུགས། |