96122
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། བསམ་པའི་ངོས་ནས་རང་ཉིད་གཅིག་པུའི་ཆེད་དུ་ཞི་བདེ་དོན་གཉེར་གྱི་བློ་མངོན་གྱུར་པ་སྐྱེ་བའི་གོ་སྐབས་བཅོམ་ཞིང༌། སྦྱོར་བའི་ངོས་ནས་གཞན་དོན་དུ་སྒྲུབ་པ་ཉམས་སུ་ལེན་པ་ལ་སྒྱིད་ལུག་པའི་བློ་སྐད་ཅིག་ཙམ་ཡང་མི་སྐྱེ་བས་ཁྱད་པར་དུ་བྱས་པའི་སྒོ་ནས་སྐབས་འདིར་བསྟན་གྱི་རྟགས་བརྒྱད་པོ་གང་རུང་ཐོབ་པའི་རྗེས་ལ་མངོན་རྟོགས་ལ་གནས་པའི་སེམས་དཔར་དམིགས་པ། སྒོམ་ལམ་པ་ཕྱིར་མི་ལྡོག་པའི་རྟགས་ཐོབ་པའི་བྱང་སེམས་ཀྱི་དགེ་འདུན་གྱི་མཚན་ཉིད། ས་བདུན་པ་ནས་ས་གཉིས་པའི་བར་གྱི་དེ་དབང་པོ་རྣོ་འབྲིང་རྣམས་དང༌། དག་ས་ལ་གནས་པའི་སེམས་དཔའ་ཐམས་ཅད་དེའི་མཚན་གཞི་ཡིན། |
| Domain | ཆོས་ལུགས། |